Print this page
Sun 10 Feb 2013

ཕ་བཤད་དགུ་མ།

ཚད་གཞི།:
(0 འོས་བླུགས།)

ནགས་ཤོད་སྐལ་རྒྱན།

ཕ་ཡུལ་ས་ཐག་རིང་བའི་ཕ་རོལ་ན། །
ཕ་མའི་གནས་ལུགས་གླེང་བའི་ཕ་བཟང་བུ། །

ཕ་མའི་ལ་རྒྱ་འཚོ་ནས་ཕ་རྗེས་འབྲང། །
ཕ་མེས་དམ་པའི་ཕ་ཡུལ་སྐྱོང་ནས་ཤོག །

ཕ་མ་བཟང་པོའི་ཕ་སྐད་ངག་སྒོ་དབྱེ། །
ཕ་ཡུལ་ལོ་རྒྱུས་རིང་མོའི་ཕ་ཡུལ་འཚོལ། །
ཕ་མའི་གཤིས་ཀ་བཟང་བའི་ཕ་ཡུལ་ན། །
ཕ་མའི་བསླབ་བྱ་ཕ་བུའི་ལ་རྒྱ་ཡོད། །

ཕ་ཁྱིམ་དྲོན་མོ་ཕ་མའི་དྲོད་ཁོལ་ལྡན། །
ཕ་བཟང་བུ་སྐྱིད་ཕ་མའི་བཀའ་དྲིན་ཡིན། །
ཕ་མ་མ་བརྗེད་ཕ་བུའི་དམ་ཚིག་ཡོད། །
ཕ་མ་ལ་གུས་ཕ་མའི་དྲིན་ལན་ཡིན། །

ཕ་མེས་མང་པོས་ཕ་ས་ཕྱུག་མོ་ན། །
ཕ་ནོར་བསགས་པའི་ཕ་ཡུལ་བང་མཛོད་ནང་། །
ཕ་མས་བྲིས་པའི་ཕ་ཟོག་ཁ་བྱང་ཡོད། །
ཕ་ཤུལ་བུ་ཡི་ལོངས་སྤྱོད་ཕ་མས་བཞག །

ཕ་མའི་མིག་ཟུང་ཕ་བུའི་ལམ་ལ་བལྟས། །
ཕ་མའི་རྣ་བས་ཕ་བུའི་གོམ་སྒྲ་ཉན། །
ཕ་མའི་སེམས་ནང་ཕ་བུའི་མདུན་མ་བཞག །
ཕ་མ་བཟང་པོའི་མིག་རྒྱང་ཕ་མཐའ་ཡས། །

ཕ་མའི་ཡོན་ཏན་ཕ་མའི་སེམས་ཁོང་ན། །
ཕ་མའི་བྱམས་བརྕེ་ཕ་མེས་རིང་མོར་བརྒྱུད། །
ཕ་མའིབུ་ཆུང་ཕ་ཡུལ་སོན་རྩ་ཡིན། །
ཕ་མ་བཟང་པོའི་ཕ་ཡུལ་ཐབས་ཀྱིས་སྐྱོངས། །

ཕ་ཡུལ་ནགས་ཀྱི་རླུང་ཤོད་ཕ་ས་ན། །
ཕ་མའི་བུ་ཕྲུག་ཕ་མེས་སྐད་ཡིག་ཡོད། །
ཕ་མེས་རིག་གཞུང་ཕ་བུའི་སྙིང་ནོར་ཡོད། །
ཕ་རོལ་དགྲ་ལ་ཤོར་ན་ཕ་བླ་ཡིན། །

ཕ་ཆོས་རྣམ་དག་ཕ་མེས་དམ་པས་བཞག །
ཕ་དགོན་དག་མ་ཕ་མ་འདས་པོས་བཞེངས། །
ཕ་མའི་བུ་ཆུང་ཕ་ཆོས་རྒྱུད་འཛིན་ཡིན །།
ཕ་མའི་རེ་བ་འགྲུབ་པའི་ཕ་ཆོས་སྦྱོངས། །

ཕ་ཡུལ་སྟོད་སྨད་ཕ་སའི་དཀྱིལ་འཁོར་ན། །
ཕ་ཡུལ་གཅིག་པས་ཕ་བཤད་སྙན་མོ་བྲི། །
ཕ་ཡུལ་ཕ་མ་ཕ་སྐད་བརྗོད་བྱ་བྱེད། །
ཕ་མའི་ལོ་རྒྱུས་ཕ་ཚེ་བུ་རབས་གླེང་། །

ཤོག་ངོས་འདི་ཐེངས་ 428 བཀླགས་འདུག
ནགས་ལྷ་དྲ་མཛོད།

ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།

གསར་ཤོས་དག :   ནགས་ལྷ་དྲ་མཛོད།