ནགས་ལྷ་རྩོམ་སྒྲིག་ཁང་།
རྣམ་དཔྱོད་ཀྱི་འཇུག་པ་མཆོག་ཏུ་ཡངས་ཤིང་ལྷག་བསམ་གྱི་བ་གམ་མངོན་པར་མཐོ་བའི་རང་རིགས་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ་ཆེད་ཞུ།
དེ་སྔོན་གསལ་བསྒྲགས་སྔོན་སོང་བཞིན་ང་ཚོའི་རྩོམ་ཡིག་འགྲན་བསྡུར་གྱི་ལས་རིམ་གཏན་འཁེལ་བ་རེད། ད་ཆ་དངོས་གཞིའི་ལས་རིམ་ཐད་རྣམ་པ་ཚོ་ལ་གསལ་བཤད་ཞུ་དགོས་པ་ཞིག་ནི་འདིར་ཐོ་འགོད་ཟིན་པ་རྣམས་སྨོས་མེད་ཁར་དེ་མིན་གྱི་རང་རིགས་གང་མང་ལས་རིམ་འདི་ལ་མཉམ་ཞུགས་ཐུབ་པའི་རེ་བ་ཡོད། རྩོམ་ཡིག་བསྡུ་ཕྱོགས་སྐོར། འདི་ནས་ང་ཚོས་གནས་འགོད་ཀྱི་རེའུ་མིག་ཅིག་གསལ་བསྒྲགས་དང་མཉམ་དུ་འབུལ་བ་ལགས་ན་རྣམ་པ་ཚོས་རྩོམ་ཡིག་དང་མཉམ་དུ་གནས་འགོད་རེའུ་མིག་ནང་དགོད་དགོས་རྣམས་བཀོད་ནས་གཤམ་འཁོད་ཁ་བྱང་ཐོག་ཕྱི་༨ ཚེས་༡༥ ནད་ཚུད་བསྐུར་གནང་ཡོད་པ་ཞུ། རྩོམ་ཡིག་རྣམས་དང་པོ་རྩོམ་སྒྲིག་པ་ནགས་ཤོད་སྐལ་རྒྱན་དང་།
ནགས་སྐལ་བཟང་རྒྱ་མཚོ་གཉིས་ཀྱི་ཕྱག་ཏུ་བསླེབས་ནས་རྩོམ་ཡིག་རྣམས་པར་བཤུས་བྱས་ཏེ་མ་དཔེ་དང་གསང་བའི་ཨང་གྲངས་བསྒྲིགས་ནས་མ་དཔེའི་རྩོམ་ཡིག་དང་རྣམ་པ་ཚོས་བཀང་བའི་རེའུ་མིག་དང་བཅས་པ་ཁོངས་རྣམ་པ་གཉིས་ཀྱི་ཕྱག་ཏུ་ཉར། པར་བཤུས་བྱས་པ་གསང་བའི་ཨང་གྲངས་མ་གཏོགས་མིང་དང་ཁ་བྱང་གང་ཡང་མ་འཁོད་པའི་རྩོམ་ཡིག་རྣམས་རྩོམ་སྒྲིག་འགན་འཛིན་འབྲི་སྐལ་བཟང་ལ་བཏང་། དེ་ནས་བརྒྱ་ཆ་སྤྲོད་མཁན་གྱི་བོད་རིག་པའི་མཁས་དབང་རྣམ་པ་ལ་སྤྱན་འབུལ་ཞུ་རྒྱུ་ཡིན། ཁོངས་རྣམ་པས་གསང་བའི་ཨང་གྲངས་ཐོག་རྩོམ་ཡིག་སོ་སོར་བརྒྱ་ཆ་ཇི་སྤྲད་རྣམས་རྩོམ་སྒྲིག་པ་བཞི་ཀ་མཉམ་རུབ་ཀྱི་སྒོ་ནས་གསང་བའི་ཨང་གྲངས་སོ་སོར་གཏན་འབེབ་བྱེད། དེ་ལྟར་གཏན་འབེབ་བྱས་པའི་རེའུ་མིག་ཀྱི་འདྲ་བཤུས་གཅིག་རྩོམ་སྒྲིག་འགན་འཛིན་དང་། གཅིག་ཨ་རིར་གནས་བཞུགས་ལྷུན་གྲུབ་ཀྱིས་ཉར། འདྲ་བཤུས་གཅིག་ནགས་ཤོད་སྐལ་རྒྱན་དང་། ནགས་སྐལ་བཟང་རྒྱ་མཚོ་རྣམ་གཉིས་ཀྱིས་རྩོམ་ཡིག་ཨ་མ་དང་མཉམ་དུ་བསྒྲིགས་ནས་རྩོམ་ཡིག་སོ་སོར་བརྒྱ་ཆ་ཇི་ཐོབ་གཏན་འབེབས་བྱ་རྒྱུ་ཡིན། རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ་དང་ལག་ཁྱེར་བཟོ་ཕྱོགས་བཅས་ནི་རྩོམ་ཡིག་རྣམས་བརྒྱ་ཆ་སྤྲོད་མཁན་རྣམ་པའི་ཕྱག་ཏུ་མ་ཕུལ་བའི་སྔོན་དུ་ཐག་གཅོད་བྱ་རྒྱུ་ཡིན།།
སླར་ཡང་ཞུ་ཡག་ཅིག་ལ་རྣམ་པ་ཚོས་རྩོམ་ཡིག་གཏོང་བའི་སྐབས་ཁ་པར་དང་འཕྲིན་ཕྲན་གང་རུང་བརྒྱུད་འབྲེལ་བ་གནང་རོགས་ཞུ།
ནགས་ལྷ་རྩོམ་སྒྲིག་ཁང་ནས་ ༢༠༡༣ ཟླ་བ་ ༦ ཚེས་༢༨ཕུལ།།
རྩོམ་ཡིག་སྐུར་ཡུལ། ནགས་སྐལ་བཟང་རྒྱ་མཚོ། Gaytso85@yahoo.com
ཁ་པར་ཨང་གྲངས། ༩༩༤༥༢༦༠༦༧༦
འཕྲིན་ཕྲན་༨༦༠༩༧༨༤༡༥
ནགས་ཤོད་སྐལ་རྒྱན། nakshoekalgyan@yahoo.com
ཁ་པར་ཨང་གྲངས། ༩༨༨༠༡༣༩༢༣༧
འཕྲིན་ཕྲན། ༩༨༨༠༡༣༩༢༣༧
རྩོམ་ཡིག་འདི་ཐེངས་ 836 བཀླགས་འདུག