- མདུན་ངོས།
- དྲ་རྒྱ་དང་འབྲེལ་བ།
- དྲ་རྒྱ་འཛིན་སྐྱོང་བ།
ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ཀྱི་དྲ་རྒྱ་འཛིན་སྐྱོང་བ།
- Details
- སྡེ་ཚན། དྲ་རྒྱ་འཛིན་སྐྱོང་བ།
- ཀློག་གྲངས། 11939
ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་འདིར་དཔྱོད་ལྡན་དགའ་བ་བསྐྱེད་པའི་ལེགས་བཤད་དང་དྲི་མེད་རིག་ཚུལ་གྱིས་ཡོངས་སུ་གང་ཡོད། དུས་ཚོད་ཐུང་ངུའི་ནང་ལ་ཡང་ཤར་ནུབ་མཁས་པའི་ལེགས་བཤད་རྣམས་ཚེགས་མེད་དུ་ལྟ་ཀློག་དང་། རིག་གཞུང་གི་རང་བཞིན་དུ་གྱུར་པའི་གནའ་དེང་གི་རྩོམ་རིག །སྒྲ་ཕབ་བརྙན་འཁོར། པར་རིས་སོགས་རིན་མེད་དུ་ཕབ་ལེན་དང་། བདེ་བླག་ཏུ་བཙལ་འཚོལ་ཐུབ་པའི་སྟབས་བདེའི་མ་ལག་སྣ་ཚོགས་ཀྱི་ནུས་ཤུགས་ལྡན། ས་ཕྱོགས་གང་དུའང་མཉམ་འཁྱེར་ཐུབ་པའི་འཕྲུལ་ཆས་སུ་གསར་འཇུག་ཐུབ་པའི་ཐོན་གསར་ཇི་སྙེད་ཅིག་དར་ཁྱབ་ཡོད་པའི་མ་ལག་རྣམས་ལེགས་པར་ཚང་ཡོད། ལྷག་པར་དུ་བོད་ཀྱི་སྐད་ཡིག་གིས་མཚོན་པའི་ཐུན་མིན་ཆོས་དང་རིག་གཞུང་རྣམས་ཅི་དགར་བཀོལ་སྤྱོད་ཐུབ་ཐབས་སུ་འབད་བརྩོན་ཞུས་ཡོད་པས་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་ཕན་འབྲས་ཆེན་པོ་ཡོང་བའི་རེ་བ་ཡོད།
ནགས་ལྷ་རྩོམ་སྒྲིག་ཁང་ནས།