ཁྱོད་ལ་མིག་ཟུང་བགྲད་ཡོད།
ངའི་ཟུངས་ཁྲག་གིས་ཁྱོད་ལ་ངུ་བཞིན་མཆིས།
མདོར་ན་ཁྱོད་དུག་ཡིན་ཡང་ངས་མཐུང་ཐུབ་ལ།
ཁྱོད་རྒྱབ་ཕྱོགས་ཀྱི་རི་བོ་འདི་ཡིན་ནའང་ངས་འཁུར་ཐུབ།
མཐའ་ན།
ཁྱོད་ཀྱི་དོན་དུ་ཨ་མས་གནང་བའི་ཚེ་སྲོག་རྟ་རྔ་འདྲ་བ་འདི་ཡང་རིན་ཐང་ཧ་ཅང་ཆུང་།
ཟླ་བའི་ལྷ་མོ།
ངའི་འཇིག་རྟེན་དུ་ཕེབས་དང་།
ངའི་འཇིག་རྟེན་ན་ལྷ་ཡུལ་གྱི་དཔལ་ཡོན་མེད་ཀྱང་སླད་མེད་ཀྱི་བརྩེ་དུང་ཡོད།
ཟླ་བའི་ལྷ་མོ།
ངའི་འཇིག་རྟེན་དུ་ཕེབས་དང་།
ངའི་འཇིག་རྟེན་ན་བརྩེ་དུང་གི་འབབ་ཆུ་དྭངས་མ་ཡོད།
ངའི་འཇིག་རྟེན་ན་གཡོ་མེད་ཀྱི་དམ་བཅའ་ཡོད།
ངའི་འཇིག་རྟེན་ན་དུང་བའི་མཚོ་ཆེན་དང་རེ་བའི་མེ་ལྕེ་ཡོད།
ཟླ་བའི་ལྷ་མོ།
ངའི་འཁོར་ཡུག་གི་ལྟེབས་ཁུག་ན་འཚོ་བཞིན་པའི་བ་སྤུ་རེ་རེས།
ཁྱོད་ལ་རེ་སྒུག་བྱས་ཡོད།
ཟླ་བའི་ལྷ་མོ།
ཕེབས་དང་།
ངའི་འཇིག་རྟེན་དུ།