- མདུན་ངོས།
- དྲ་རྒྱ་དང་འབྲེལ་བ།
- ལས་ཐོག་རྩོམ་སྒྲིག་པ།
- Details
- སྡེ་ཚན། ལས་ཐོག་རྩོམ་སྒྲིག་པ།
- ཀློག་གྲངས། 172
བསྟན་པ་དར་ཕྱུག་ནི་འབྲི་རུ་རྫོང་ཆགས་རྩེ་ཤང་གི་འབྲོག་སྡེ་ཆུང་ཆུང་ཞིག་ཏུ་སྐྱེས་ཞིང་ཆུང་དུས་ནས་སློབ་ཆུང་འགྲེམ་པའི་བསྐལ་བཟང་ཐོབ། དེ་རྗེས་ཕྱི་ལོ་༢༠༡༡ལོར་རྒྱ་གར་དུ་འབྱོར་ཏེ་ཤེས་རབ་དགའ་ཚལ་སློབ་གླིང་དུ་སློབ་སྦྱོང་བྱེད་པའི་གོ་སྐབས་རག་པ་དང་། སྐབས་དེར་སློབ་གླིང་དེའི་ <<ས་བོན་ཚགས་ཤོག་>> དང་། <<ཁ་བའི་མེ་ཏོག་>> འདོན་ཐེངས་བཅུ་གསུམ་གྱི་རྩོམ་སྒྲིག་པའི་ལས་འགན་ཁུར། ༢༠༡༤ལོར་ས་རཱ་མཐོ་སློབ་ཀྱི་མཐོ་རྒྱུགས་ལ་ཚུད་པ་དང་། དེར་ལོ་བཞིའི་རིང་བོད་ཀྱི་རིག་གནས་ལ་སྦྱང་བརྩོན་དང་ལྷག་ཏུ་རྩོམ་རིག་གི་ཐོག་ལ་ཆེད་སྦྱོང་ལོ་གཉིས་བྱས། གཞན་ཡང་སྐབས་དེར་་<<གངྒཱའི་བཞད་སྒྲ>>འདོན་ཐེངས་ཉེར་བདུན་གྱི་རྩོམ་སྒྲིག་པའི་ལས་འགན་ཁུར་མྱོང་ཡོད། སློབ་མཐར་ཕྱིན་རྗེས་ད་བར་མེག་ལོར་དུ་ལས་ཀ་ཙག་ཙིག་འགའ་བྱེད་ཞོར་རི་མོའི་ཐོག་ལ་སྦྱང་བརྩོན་བྱེད་བཞིན་པ་བཅས་ནི་ངོ་སྤྲོད་སྙིང་བསྡུས་སོ།
- Details
- སྡེ་ཚན། ལས་ཐོག་རྩོམ་སྒྲིག་པ།
- ཀློག་གྲངས། 1812
ངོ་སྤྲོད་མདོར་བསྡུས།
ཕྱི་ལོ་༡༩༩༧ལོར་རྒྱ་གར་དུ་འབྱོར་རྗེས་བོད་ཁྱིམ་མགོ་པལ་པུར་རུ་གཞི་རིམ་འཛིན་གྲྭ་བཅུ་གཉིས་བར་དུ་སློབ་སྦྱོང་བྱས། དེ་རྗེས་རམ་འབྱམས་པ་དང་གཙུག་ལག་རམ་འབྱམས་པ་གཉིས་ལོ་ལྔའི་རིང་གློག་ཀླད་ཚན་རིགས་ཐོག་སློབ་མཐར་ཕྱིན། ཕྱི་ལོ་༢༠༡༨ནས་བཟུང་ལོ་ངོ་བཞིའི་རིང་ནང་སྲིད་མཚན་པའི་ལས་འཆར་འོག་བོད་མིའི་མདུན་ལམ་སློབ་སྟོན་ཁང་དུ་གྲྭ་བཙུན་དང་གཞོན་སྐྱེས་མི་ཉུང་བ་ཞིག་ལ་གློག་ཀླད་ཀྱི་བརྐོས་རིས་ (Graphic Design) དང་དེབ་སྒྲིག་སྟངས་སོགས་སློབ་འཁྲིད་བྱས།
ལས་ཐོག་རྩོམ་སྒྲིག་པ།
དཀོན་མཆོག་དགའ་བ།
སྡེ་ཚན། ལས་ཐོག་རྩོམ་སྒྲིག་པ། | ཟླ་ཚེས་ 16-05-2023 | ཀློག་གྲངས། 226
ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན། དཀོན་མཆོག་དགའ་བ་ནི་འབྲི་རུ་རྫོང་དུ་སྐྱེས། ཆུང་དུས་ཕ་མའི་... བཀླགས་འཕྲོ...
སྐལ་བཟང་ཐར་འདོད།
སྡེ་ཚན། ལས་ཐོག་རྩོམ་སྒྲིག་པ། | ཟླ་ཚེས་ 16-05-2023 | ཀློག་གྲངས། 1675
སེར་ལྷོ་དགེ་བཤེས་སྐལ་བཟང་ཐར་འདོད་ཀྱི་ངོ་སྤྲོད་སྙིང་བསྡུས། དགེ་བཤེས་སྐལ་བཟང་ཐར་འདོད་ནི། ཕྱི... བཀླགས་འཕྲོ...
བསྟན་པ་དར་ཕྱུག
སྡེ་ཚན། ལས་ཐོག་རྩོམ་སྒྲིག་པ། | ཟླ་ཚེས་ 16-05-2023 | ཀློག་གྲངས། 172
བསྟན་པ་དར་ཕྱུག་ནི་འབྲི་རུ་རྫོང་ཆགས་རྩེ་ཤང་གི་འབྲོག་སྡེ་ཆུང་ཆུང་ཞིག་ཏུ་སྐྱེས་ཞིང་ཆུང་དུས་ནས... བཀླགས་འཕྲོ...
ཚེ་རིང་ཆོས་འཛོམས།
སྡེ་ཚན། ལས་ཐོག་རྩོམ་སྒྲིག་པ། | ཟླ་ཚེས་ 16-05-2023 | ཀློག་གྲངས། 1812
ངོ་སྤྲོད་མདོར་བསྡུས།ཕྱི་ལོ་༡༩༩༧ལོར་རྒྱ་གར་དུ་འབྱོར་རྗེས་བོད་ཁྱིམ་མགོ་པལ་པུར་རུ་གཞི་རིམ་འཛི... བཀླགས་འཕྲོ...