སྤྱིའི་ཨང་། ༠༩
ཁྲིད་གཞུང་། སློབ་དཔོན་ཐོན་མི་སམ་བྷོ་ཊས་མཛད་པའི་རྟགས་འཇུག་དང་། དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད་པའི་དཀའ་གནད་གསལ་བའི་མེ་ལོང་།
འཁྲིད་མཁན། དགེ་བཤེས་སྐལ་བཟང་ཨེ་ལགས་སམ་སྐལ་བཟང་ལྷུན་གྲུབ།
༢༠༡༦ ལོར་སྒྲིག་སྦྱོར་བྱས།
ངོ་སྤྲོད་མདོར་བསྡུས།
རིག་གནས་རྒྱ་མཚོའི་དཔལ་ལ་མཁྱེན་པ་རྒྱས་པའི་སེར་བྱེས་ལྷོ་པ་དགེ་བཤེས་སྐལ་བཟང་ཨེ་ལགས་སམ་སྐལ་བཟང་ལྷུན་གྲུབ་མཆོག་ནི། སྤྱི་ལོ་༡༩༧༢ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་གནང་། སྤྱི་ལོ་ ༡༩༨༥ ལོར་སེར་བྱེས་སློབ་གྲྭའི་དགེ་ལས་གནང་སྟེ་སྤྱི་ལོ་ ༢༠༠༩ བར་ལོ་ངོ་ཉི་ཤུ་རྩ་ལྔའི་རིང་བོད་ཀྱི་རིག་གནས་དང་། རྒྱལ་རབས་ཆོས་འབྱུང་། དབུ་མེད་ཡིག་གཟུགས་ཁག་བདུན། དག་ཡིག་སོགས་སློབ་ཁྲིད་གནང་། མཐའ་མའི་ལོ་ལྔའི་རིང་གྲྭ་ཚང་ཚོགས་འདུ་བས་བསྐོ་བཞག་གནང་དོན་ལྟར་སེར་བྱེས་སློབ་གྲྭའི་དགེ་རྒན་ཆེན་མོའི་མཚན་གནས་ཐོག་ཤེས་ཡོན་གྱི་འགན་ཁུར་གནང་། སྤྱི་ལོ་ ༡༩༩༤ ལོར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་དགེ་བཤེས་དམ་འཇོག་གནང་། སྤྱི་ལོ་༢༠༡༣ ལོར་སུམ་རྟགས་ལ་འཇུག་པའི་དྲིས་ལན་གསེར་གྱི་ལྡེ་མིག་ཅེས་པ་ཞིག་རྩོམ་གནང་མཛད། སྤྱི་ལོ་༢༠༡༤ ནས་༸ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་རིག་གནས་སློབ་དཔོན་གྱི་ཕྱག་ལས་གནང་བཞིན་པ་ཡིན།
རྟགས་འཇུག་དང་དཀའ་གསལ།
- Details
- སྡེ་ཚན། སྒྲ་སྐད།
- ཀློག་གྲངས། 2202
སྒྲ་སྐད།
- རྗེ་བཙུན་པའི་རྟེན་འབྲེལ་སྤྱི་དོན།
- རྗེ་བཙུན་པའི་བསམ་གཟུགས་སྤྱི་དོན།
- ཐར་ལམ་གསལ་བྱེད་ལེའུ་དང་པོའི་དབུ་ནས་འབྲེལ་བ་བར།
- ཐར་ལམ་གསལ་བྱེད་ལེའུ་གཉིས་པའི་དབུ་ནས་འབྲས་བུ་ཕུན་ཚོགས་གྲུབ་ཚུལ་བར།
- ཀུན་གཞི་རྒྱ་ཆེར་འགྲེལ།
- དྲང་ངེས་ལེགས་བཤད་སྙིང་པོ་དབུ་མ་སྤྱི་བཤད་དང་རང་རྒྱུད་པའི་སྐོར་ཆ་ཚང་།
- དྲང་ངེས་ལེགས་བཤད་སྙིང་པོ་སེམས་ཙམ་པའི་སྐོར་ཆ་ཚང་།
- ལེགས་བཤད་གསེར་ཕྲེང་སྐབས་བཞི་པ།
- ལེགས་བཤད་གསེར་ཕྲེང་སྐབས་ལྔ་པ་ནས་བརྒྱད་པའི་བར།
- རྗེ་བཙུན་པའི་དོན་བདུན་ཅུ།
- ལམ་རིམ་ཉམས་མགུར།
- དྲང་ངེས་ལེགས་བཤད་སྙིང་པོ་ཐལ་འགྱུར་ཆ་ཚང་།
- རྟགས་འཇུག་དང་དཀའ་གསལ།
- སུམ་ཅུ་པའི་རྩ་བ་དང་ལྗོན་དབང་།
- རྗེ་བཙུན་པའི་ཕར་ཕྱིན་སྐབས་བཞི་པའི་སྤྱི་དོན།
- རྗེ་བཙུན་པའི་དབུ་མའི་སྤྱི་དོན་སྟོད་ཆ།
- རྗེ་བཙུན་པའི་དབུ་མའི་སྤྱི་དོན་སྨད་ཆ།
- དབྱངས་ཅན་དགའ་བློའི་སྔགས་ཀྱི་ས་ལམ།
- དབུ་མ་དགོངས་པ་རབ་གསལ་སྨད་ཆ།
- དབུ་མ་དགོངས་པ་རབ་གསལ་སྟོད་ཆ།
- རྗེ་ཙོང་ཁ་པའི་རྣམ་ཐར་དད་པའི་འཇུག་ངོགས།