- མདུན་ངོས།
- ཚན་རིག
- དབང་རྩ་རིག་པ།
- དབང་རྩ།
Sat 14 Apr 2018
དབང་རྩ།
འབྲི་སྐལ་བཟང༌།
དུས་དེབ་སྔོན་མའི་ནང་དུ་ཕྲུ་གུ་སྐྱེ་འཕེལ་གྱི་བརྒྱུད་རིམ་དེ་བཤད་ཟིན་པ་ཡིན་པས་དེའི་འཕྲོ་མཐུད་པ་ལྟ་བུ་ཅུང་ཞིག་བཤད་པར་འདོད། དེ་ཡང་སྤྱིར་འགྲོ་བ་སེམས་ཅན་ཀུན་ལ་སོ་སོ་སྐྱེ་འཕེལ་བྱེད་སྟངས་དང་འཚོ་གནས་ཀྱི་བྱ་རིམ་རེ་ཡོད་ངེས་པ་ལོས་ཡིན། འདིར་ནི་འགྲོ་བ་མི་ཡི་དབང་དུ་བྱས་ནས་འཆད་ན་ཀློག་པ་པོ་རྣམས་ཀྱིས་གོ་བདེ་བ་དང་བསམ་བདེ་བ་ཞིག་ཡོང་བར་སྙམ་པས་དེ་ལྟར་འཆད་ན།
མི་རྣམས་ཀྱི་ལུས་ཀྱི་གནས་སྟངས་ནི་སྒྲིག་གཞི་དང་ལྡན་པ་ཞིག་ཡིན་ལ་ཡན་ལག་རྣམས་ཀྱིས་སྒྲིག་ཚུགས་དང་ལྡན་པའི་སྒོ་ནས་ལས་ཀ་བྱེད་ཀྱི་ཡོད། སྐབས་འགར་མཉམ་རུབ་ཀྱིས་ལས་ཀ་བྱེད་ཀྱི་ཡོད་ལ་སྐབས་འགར་ཆ་ཤས་གཅིག་ཙམ་གྱིས་ལས་ཀ་བྱེད་ཀྱི་ཡོད། ཡང་ཆ་ཤས་གཅིག་ཙམ་གྱིས་ལས་ཀ་བྱེད་ཟེར་དུས་ཆ་ཤས་གཞན་དང་འབྲེལ་བ་རྩ་བ་ཉིད་ནས་མེད་པ་ལ་ཟེར་གྱི་མེད། ལས་ཀ་དེ་དག་གི་ནུས་པ་འདོན་སྤེལ་བྱེད་པ་དང་སྟངས་འཛིན་བྱེད་མཁན་ནི་ཀླད་པ་དང་དབང་རྩ་རྣམས་ཀྱི་ནུས་པ་ལས་བྱུང་བ་ཡིན། ལུས་ཀྱི་དབང་རྩ་མ་ལག་དང་བཅས་པ་ཡོངས་རྫོགས་ཀླད་པ་ལ་འབྲེལ་མཐུད་བྱས་ཡོད་ཀྱང་ཐག་པ་མཐུད་པ་ལྟ་བུ་ནི་བསམ་མི་རུང༌། དབང་རྩའི་ཕྲ་ཕུང་རེ་རེའི་བར་དུ་མཐུད་མཚམས་གྱི་སྟོང་ཆ་རེ་རེ་ཡོད་པར་བཤད། དེ་དག་ལས་རྒལ་ཀླད་ལ་ཁ་ཐུག་འབྲེལ་བའི་དབང་རྩ་འགའ་ཞིག་གིས་བརྡ་འཕྲིན་ཁ་ཐུག་རྒལ་ཀླད་ལ་གཏོང་པའི་བྱ་བ་ཡང་བྱེད་ཀྱི་ཡོད།
འདི་ནི་ཕལ་ཆེར་རེག་ཚོར་གྱི་གནས་སྐབས་སུ་འབྱུང་ཉེ་བ་ལྟ་བུ་ཞིག་ཡིན་པར་མངོན། སྤྱིར་ལུས་ཀྱི་སྟོད་སྨད་ཡོངས་ལ་དབང་རྩ་ཕྲ་ཕུང་དུ་མ་གྲམ་ནས་གནས་ཡོད། ཀླད་པ་གཅིག་པུ་ལ་དབང་རྩ་ཕྲ་ཕུང་ཐེར་འབུམ་མང་པོ་ཞིག་འདུས་ནས་དེ་དག་འབྲེལ་མཐུད་བྱས་ཡོད། དེ་ལྟ་བུའི་ཀླད་པ་དེ་ལ་ཡང་ཆ་ཤས་དུ་མ་ཞིག་ཡོད་ཅིང་ཆ་ཤས་དེ་དག་གི་བྱེད་ལས་ཀྱང་མི་འདྲ་བ་དུ་མ་ཞིག་ཡོད་ངེས། དཔེར་ན་མཐོང་བྱེད་མ་ལག་ལ་སྟངས་འཛིན་བྱེད་མཁན་དང༌། ཐོས་བྱེད་མ་ལག་ལ་སྟངས་འཛིན་བྱེད་མཁན། དེ་བཞིན་དྲི་རོ་རེག་བྱ་སོགས་ཚོར་བྱེད་ཀྱི་མ་ལག་ལ་སྟངས་འཛིན་བྱེད་མཁན། གཞན་ཡང་ལུས་ཀྱི་གཡོ་འགུལ་དང་བཅུད་ཀྱི་གཏོང་ལེན་སོགས་ཀྱི་ལས་སྒོ་མང་པོ་ཞིག་ཡོད། དེ་དག་ལས་འདིར་ནི་མཐོང་བྱེད་མ་ལག་གི་སྐོར་ཅུང་ཟད་ཅིག་འཆད་པར་འདོད། དེ་ཡང་མཐོང་བྱེད་མ་ལག་གི་སྐོར་འཆད་སྐབས་དབང་རྩ་ཕྲ་ཕུང་གིས་བྱ་བ་བྱེད་སྟངས་གཙོ་བོ་འཆད་དགོས་པས་དེའི་ངོས་འཛིན་ཅུང་ཟད་ཅིག་མ་བཤད་ན་ཀློག་པ་པོ་རྣམས་ཀྱིས་གོ་དོན་རྟོགས་པ་ལ་འགལ་རྐྱེན་ཡོང་མི་སྲིད་པ་མ་ཡིན་པས་དེའི་སྐོར་བཤད་ན། དབང་རྩ་ཕྲ་ཕུང་ནི་ཡན་ལག་གི་ཆ་ཤས་དུ་མ་འདུས་པའི་ཚོགས་ཕུང་ཞིག་ཡིན། དེ་ཡང་གཙོ་བོ་ཕྲ་ཕུང་གི་ལུས་དང། བརྡ་ལེན་ཕྲ་ཕུང༌། བརྡ་སྐྱེལ་ཕྲ་ཕུང་བཅས་ཚོགས་པ་ལས་གྲུབ་ཡོད། དེ་དག་ལས་བརྡ་ལེན་ཕྲ་ཕུང་ནི་ཡལ་ག་མང་པོ་ཕྱོགས་སུ་བརྐྱངས་ནས་དབང་རྩ་ཕྲ་ཕུང་གཞན་ནས་གནས་ཚུལ་འཚོལ་བསྡུ་བྱེད་པའི་བྱེད་ལས་ཅན་ཞིག་ཡིན། ཕྲ་ཕུང་གི་ལུས་ཀྱིས་ནི་གནས་ཚུལ་དེ་དག་གློག་བརྡའི་ལམ་ནས་བརྡ་སྐྱེལ་ཕྲ་ཕུང་ལ་གཏོང་བའི་བྱ་བ་བྱེད། བརྡ་སྐྱེལ་ཕྲ་ཕུང་གིས་གློག་བརྡའི་ལམ་ནས་ཡོང་བཞིན་པའི་གནས་ཚུལ་དེ་དག་རྫས་ཀྱི་བརྡའི་ངོ་བོར་བསྒྱུར་ནས་དབང་རྩ་གཞན་གྱི་བརྡ་ལེན་ཕྲ་ཕུང་ལ་བརྒྱུད་གཏོང་བྱེད་ཀྱི་ཡོད།
དེ་ལྟར་བརྡ་སྐྱེལ་ལེན་བྱ་སའི་མཐུད་མཚམས་དེར་དབང་རྩ་སྔ་ཕྱི་གཉིས་མ་འཕྲད་པའི་སྟོང་ཆ་ཞིག་ཡོད་པར་འདོད། འོ་ན་དབང་རྩ་དེ་གཉིས་ཀྱི་བར་ལ་སྟོང་ཆ་ཞིག་ཡོད་ན་དབང་རྩ་སྔོན་མས་གསོག་སྒྲུབ་བྱས་པའི་གནས་ཚུལ་རྣམས་དབང་རྩ་ཕྱི་མ་ལ་བརྒྱུད་གཏོང་ག་འདྲ་ཞིག་བྱེད་དགོས་སྙམ་ན། དེ་ནི་སྐུད་མེད་ཁ་པར་གྱིས་སྒྲ་རླབས་འཐེན་པའི་བྱ་བའི་སྒོ་ནས་དོན་གྱི་གོ་བརྡ་སྤྲོད་པ་ལྟ་བུ་ཞིག་མ་ཡིན་པར་གློག་བརྡའི་ངོ་བོར་ཡོང་བཞིན་པའི་གནས་ཚུལ་དེ་དག་རྫས་ཀྱི་ངོ་བོར་བསྒྱུར་བ་དང༌། རྫས་དེའི་ནུས་པས་དབང་རྩ་ཕྱི་མར་འབྲེལ་མཐུད་པའི་སྣེ་ལ་འདོར་ཆོག་གི་རྫས་ཤིག་གསར་དུ་གྲུབ། རྫས་དེ་ཉིད་དབང་རྩ་སྔ་མའི་ནུས་པའི་སྟོབས་ཀྱིས་དབང་རྩ་ཕྱི་མའི་ཕྱོགས་སུ་གཡུག་པར་བྱས་པ་ན་དབང་རྩ་ཕྱི་མའི་བརྡ་ལེན་ཕྲ་ཕུང་གི་སྣེ་ལེན་བྱེད་ཀྱི་ཡོད། དེ་ཡང་རྫས་དེ་ཉིད་ཀྱི་རྒྱུན་དེ་ནི་སླར་ཡང་དབང་རྩ་སྔ་མའི་ཕྱོགས་སུ་འབྱར་འགྲོ་བ་ཞིག་ཡིན་པ་ལས་ཅ་ལག་ཅིག་རྩིས་སྤྲད་པ་བཞིན་འཁྱེར་འགྲོ་བ་དེ་འདྲ་མིན། ཁྱད་ཆོས་དེ་ལྡན་གྱི་དབང་རྩ་ཕྲ་ཕུང་རྣམས་ཀྱི་བྱེད་ལས་ལ་བརྟེན་ནས་སྐྱེ་འགྲོ་རྣམས་ཀྱིས་གོ་རིམ་ལྡན་པའི་འཚོ་གནས་ཀྱི་བྱ་གཞག་འདི་བསྒྲུབ་ཐུབ་ཀྱི་ཡོད། དེ་ལྟ་བུའི་དབང་རྩ་ཕྲ་ཕུང་མ་ལག་དང་བཅས་པའི་བྱ་བ་ལ་བརྟེན་ནས་དབང་པོ་རྣམས་ལས་ལ་འཇུག་ཐུབ་ཀྱི་ཡོད།
ང་ཚོ་མིག་གིས་གཟུགས་མཐོང་བ་དེའི་ཚེ་མཐོང་བྱེད་མ་ལག་གིས་གོ་རིམ་དང་ལྡན་པའི་ལས་ཀ་བྱས་ནས་ཀླད་པའི་གནས་བྱེ་བྲག་པ་ཞིག་ལ་འབྲེལ་མཐུད་བྱེད། དེ་དང་འབྲེལ་བའི་ཀླད་པའི་ཆ་ཤས་རྣམས་ཀྱིས་མཉམ་རུབ་ཀྱི་ནུས་པ་འདོན་སྤེལ་བྱས་པ་ལ་བརྟེན་ནས་ང་ཚོས་ཡུལ་དེ་ཉིད་འདི་འདྲ་ཞིག་རེད་ཅེས་ཐག་གཅོད་བྱེད་ཐུབ་ཀྱི་ཡོད། དེ་ཡང་ཕྱི་རོལ་གྱི་གཟུགས་གང་ཡིན་པ་དེ་མིག་གིས་མཐོང་སྐབས་དཔར་ཆས་ཀྱིས་བྱ་བ་བྱེད་སྟངས་དང་མཚུངས་པ་ཡིན། མིག་རིལ་གྱི་རྒྱབ་ངོས་སུ་ཡོད་པའི་དྲ་སྐྱི་དེའི་ངོས་སུ་འོད་ལེན་ཕྲ་ཕུང་མང་པོ་ཞིག་ཡོད་པ་དེ་དག་མཉམ་སྒྲིག་གི་ངོས་སུ་གཟུགས་གང་ཡིན་པ་དེའི་སྣང་བརྙན་ལྟ་བུ་གཟུགས་དབྱིབས་དེ་མགོ་མཇུག་དང་གཡས་གཡོན་བསྒྱུར་ནས་ཤར་བ་ཡིན། དེ་ལྟར་ཡོང་དགོས་དོན་ནི་མིག་རིལ་གྱི་མདུན་ངོས་སུ་མིག་གི་རྒྱལ་མོ་ཞེས་པ་འོད་ཀྱི་འགྲོ་ལམ་ལྟ་བུའི་དྭངས་གསལ་ཅན་གྱི་དངོས་པོ་དེའི་རྒྱ་ཁྱོན་ཆུང་བ་དང་རྒྱབ་ཕྱོགས་ཀྱི་འོད་ལེན་དྲ་སྐྱི་དེའི་རྒྱ་ཁྱོན་ཆེ་བས་དེ་ལྟར་བྱུང་བ་ཡིན།
དེ་ཡང་འོད་ཀྱི་འགྲོ་སྟངས་ནི་ཁ་ཐུག་ཅན་ཞིག་ཡིན་པ་དང་ཕྱི་རོལ་གྱི་གཟུགས་མཐོང་བ་ནི་འོད་ཀྱི་འགྲོས་ལ་ལྟོས་དགོས་པ་ཡིན་གྱི་དེ་ལས་གཞན་པའི་མཐོང་ཚུལ་ཞིག་ཟུར་དུ་མེད་པས་ཡིན་པར་སྙམ། རྒྱབ་ཕྱོགས་ཀྱི་དྲ་སྐྱིའི་ངོས་སུ་དབྱུག་དབྱིབས་ཕྲ་ཕུང་དང་སྙུང་དབྱིབས་ཕྲ་ཕུང་ཞེས་པ་གཉིས་ཡོད་པས་འོད་ལས་བྱུང་བའི་གཟུགས་དབྱིབས་ཀྱི་གནས་ཚུལ་རྣམས་གློག་བརྡའི་ངོ་བོར་བསྒྱུར་ཏེ་བརྡ་ལམ་བརྒྱུད་ནས་ཀླད་པར་གཏོང་བའི་ལས་དོན་སྒྲུབ། དབྱིབས་ཅུང་ཟད་མི་འདྲ་བའི་སྒོ་ནས་བཏགས་པའི་ཕྲ་པུང་གཉིས་པོ་དེས་བྱ་བ་བྱེད་སྟངས་ལ་ཡང་ཅུང་ཟད་མི་འདྲ་བ་ཡོད།
དེ་ཡང་དབྱུག་དབྱིབས་ཕྲ་ཕུང་ནི་འོད་མི་གསལ་བའི་གནས་སྐབས་ཀྱི་གནས་ཚུལ་ལེན་པའི་ནུས་པ་ཆེ་བས་གཙོ་བོར་དབྱིབས་གཟུགས་ཀྱི་རིགས་ངོས་འཛིན་པ་ལ་ནུས་སྟོབས་ཆེ་བ་ཡིན་པ་ལས་ཁ་དོག་གི་དབྱེ་བ་འཛིན་པའི་ནུས་སྟོབས་བྲལ། སྙུང་དབྱིབས་ཕྲ་ཕུང་གིས་འོད་གསལ་བའི་གནས་སྐབས་ཀྱི་གནས་ཚུལ་ལེན་པའི་ནུས་པ་ཆེ་བས་ཆ་ཤས་རྣམས་གསལ་པོར་མཐོང་ཐུབ་པ་དང༌། སྔོ་སེར་སོགས་ཁ་དོག་གི་དབྱེ་བ་རྣམས་གསལ་བར་འཛིན་ཐུབ་ཀྱི་ཡོད། ཕྲ་ཕུང་དེ་གཉིས་ཀྱིས་གནས་ཚུལ་རྣམས་མིག་གི་དབང་རྩ་དང༌། དེ་ནས་དབང་རྩའི་སྣོལ་མཚམས། དེ་ནས་ལྷ་ངའི་ཀླད་ཞོ་བཅས་བརྒྱུད་ནས་ཐ་མར་ཀླད་པའི་རྒྱབ་ངོས་སུ་ཡོད་པའི་མཐོང་ཚོར་ཀླད་ཤུན་བར་དུ་བརྒྱུད་གཏོང་བྱེད། གནས་དེ་ནི་མཐོང་བྱེད་མ་ལག་དང་འབྲེལ་བའི་གནས་ཚུལ་རྣམས་ཐག་གཅོད་བྱ་སའི་གནས་གཙོ་བོ་དེ་ཡིན། གནས་སྐབས་དུས་དེབ་ཀྱི་ས་ཁྱོན་ལ་ལྟོས་དགོས་པས་དེ་ཙམ་གྱིས་རྫོགས་པར་བྱས།
རྩོམ་ཡིག་འདི་ཐེངས་ 9500 བཀླགས་འདུག
ཤོག་ངོས་འདི་ཐེངས་ 1011 བཀླགས་འདུག
སྡེ་ཚན།
དབང་རྩ་རིག་པ།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
« དབང་རྩའི་སྐོར།
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
ཚན་རིག་གསར་ཤོས།
རྒྱ་གར་གྱི་མཚན་ཉིད་རིག་པའི་གོ་…
སྡེ་ཚན། ནང་ཆོས་ཀྱི་ཚན་རིག | ཟླ་ཚེས་ 17-02-2020 | ཀློག་གྲངས། 2371
ཟམ་པ། རྒྱ་གར་གྱི་མཚན་ཉིད་རིག་པ་ཞེས་པ་ནི། རྒྱ་གར་གྱི་བསམ་བློ་བ་གནའ་རབས་དང་དེང་རབས། ཧིན་དྷུ་... བཀླགས་འཕྲོ...
མཚན་ཉིད་རིག་པའི་རང་བཞིན།
སྡེ་ཚན། ནང་ཆོས་ཀྱི་ཚན་རིག | ཟླ་ཚེས་ 17-02-2020 | ཀློག་གྲངས། 2261
ཟམ་པ། གང་ཟག་གཞན་དག་དང་མཚུངས་པར་མི་རྣམས་ཀྱང་འཚོ་གནས་ཀྱི་ཆེད་དུ་འབད་བརྩོན་བྱེད་པ་ཡིན་མོད། འོ... བཀླགས་འཕྲོ...
རྣམ་རིག་ཙམ་དུ་འཇུག་ཚུལ་ལ་དཔྱད་…
སྡེ་ཚན། ནང་ཆོས་ཀྱི་ཚན་རིག | ཟླ་ཚེས་ 14-04-2018 | ཀློག་གྲངས། 3359
སེམས་ཙམ་པའི་ལུགས་ཀྱི་རྣམ་རིག་ཙམ་དུ་འཇུག་ཚུལ་ལ་དཔྱད་པ།ལེགས་བཤད་སྙིང་པོར་རྣམ་རིག་ཙམ་དུ་འཇུག་... བཀླགས་འཕྲོ...
ཤར་ཕྱོགས་ནང་པ་དང་ནུབ་ཕྱོགས་ཚན་…
ཤར་ཕྱོགས་ནང་པ་དང་ནུབ་ཕྱོགས་ཚན་རིག་པ་གཉིས་ཀྱི་ལྟ་གྲུབ་མཐུན་ཆ་གནའ་དེང་ཟུང་གི་མེ་ལོ…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…