- མདུན་ངོས།
- རྩོམ་ཡིག
- ལྷུག་རྩོམ།
- འདྲ་མཉམ།
Tue 01 Jul 2014
འདྲ་མཉམ།
ནགས་ཤོད་སྐལ་རྒྱན།
འདྲ་མཉམ་གྱི་ཐོབ་ཐང་རྩོད་ལེན་ནི་ཡར་ཐོན་དང་དེང་རབས་ཀྱི་རྣམ་པ་དང་།
སྤྱི་ཚོགས་ཀྱི་གནས་བབ་དང་མཐུན་པའི་དུས་རབས་ཀྱི་རིན་ཐང་རེད། སྤྱིར་དུས་རབས་འདིར་སྨྲ་བརྗོད་དང་། བསམ་བློའི་འདུ་ཤེས། ཤེས་ཡོན་ཀུན་སྤྱོད། ལས་རིགས་འཚོ་སྐྱོང་དང། ཆབ་སྲིད་བདག་དབང་སོགས་ཕོ་མོ་འདྲ་མཉམ་ཡིན་པས་རྩ་བའི་འདྲ་མཉམ་ཀྱི་རང་བཞིན་ངོ་ མ་ནི་ཀུན་ལ་སྤྱི་མཚུངས་སུ་ཐོབ་ཡོད། གོ་སྐབས་འདི་བརྒྱུད་དེང་རབས་ཀྱི་ཤེས་ཡོན་ལ་བརྩོན་ལེན་དང་། བསྐུལ་འདེད་རང་བཞིན་གྱིས་གོམ་གང་མདུན་བསྐྱོད་ཕོ་མོ་སུས་ཐུབ་ན་དོན་དངོས་ ཀྱིས་ཐོབ་ཐང་ལ་ལོངས་སྤྱོད་བྱས་པ་རེད། དེང་དུས་ཤེས་ཡོན་གྱི་སྟོབས་ཤུགས་ནི་གཟི་བརྗིད་དང་འོད་སྟོང་ལྡན་པའི་ལམ་བུ་ དང་། ཐོབ་ཐང་གི་རྒྱབ་ལྗོངས་དངོས་ཡིན་པས། ཡོད་ཚད་ཀྱི་སྟོབས་ཤུགས་དང་ཤུགས་སྣོན་དུས་རབ་ཀྱི་ཤེས་ཡོན་ལ་སྤུང་རྒྱུ་ནི་མ་ འོངས་པའི་རྩ་དོན་གྱི་ནང་སྙིང་ཡིན། ཕོ་མོ་གང་ཞིག་ཤེས་ཡོན་ཀྱི་རིན་ཐང་ལྡན་ན་ཐོབ་ཐང་གིས་འདོར་མི་སྲིད་ལ་སུ་ཞིག་ གིས་རྡོག་རྫིས་གཏོང་མི་ཐུབ། འདི་ནི་ཁྱོད་ལ་དགོས་པའི་ཐོབ་ཐང་གི་རིན་ཐང་རེད། རིན་ཐང་འདིས་ཁྱོད་ནམ་ཡང་བསླུ་མི་སྲིད་ལ་ཁྱོད་ཉིད་ཀྱི་འདུན་མ་ཡང་འདི་ལ་བཅོལ་ ཆོག ཕོ་མཆོག་མོ་དམན་གྱི་འཐབ་རྩོད་ནི་དོན་དངོས་སུ་ཐོབ་ཐང་གི་ལམ་འགག་མ་རེད་ལ་ཐོབ་ ཤོར་གང་ལ་ཡང་ཉེས་སྐྱོན་ཅི་ཡང་མེད་པས་ཁྱོད་ཀྱི་དུས་ཚོད་གྲོན་མི་ཉེན། སྤྱིར་སྐྱེ་བོ་རྣམས་མཆོག་དམན་གྱི་རྣམ་དབྱེ་མེད་པ་མིན་ལ་ཐོབ་ཐང་ཡོད་ཚད་ཀྱང་ ཁྱོད་ཀྱིས་རག་མི་སྲིད། གནས་ལུགས་འདིར་བསམ་ཤེས་ཅུང་ཙམ་ཐུབ་ན་དོན་དངོས་ཀྱི་ཐོབ་ཐང་གང་ཞིག་དང་། ཕུགས་བསམ་གྱིས་རྩོད་ལེན་ཅི་ཞིག་བྱ་དགོས་མིན་སོགས་གསལ་པོ་ཤེས་ཐུབ་རྒྱུ་རེད། རྩོད་ལེན་ལ་དགའ་བསུ་དང་རྒྱབ་ལྗོངས་ཀྱི་གནས་བབ་རྟོག་དཔྱོད་བྱེད་པར་འགལ་ འཁྲུལ་ཞིག་མིན་པས་ཐོག་མར་ལྟ་སྟངས་མ་ནོར་བ་གལ་ཆེ། འཛམ་གླིང་འདིར་ཕོ་མོའི་ཐོབ་ཐང་གི་འཐབ་རྩོད་འདི་རྣོ་ཁ་ཡུན་རིང་དར་བའི་རལ་ གྲི་ཞིག་དང་མཚུངས། དུས་རབས་ཉི་ཤུའི་སྨད་ཆར་ཆོས་ལུགས་པ་ནུབ་ཕྱོགས་པའི་བུད་མེད་ཁ་ཤས། རབ་བྱུང་ཕོ་མོར་འདྲ་མཉམ་མེད་པའི་ཚོར་ཤུགས་རྒྱས་པ་མ་ཟད། བཅོམ་ལྡན་འདས་ཀྱང་དྲང་པོ་མེད་པའི་བསམ་ཚུལ་བརྗོད་མྱོང་།
དེ་དག་གིས་གཙོ་བོ་རྒྱུ་མཚན་གཉིས་ལ་གཞི་བཅོལ་ཡོད། གཅིག་ནི་ཐེག་དམན་རྣམས་ཐེག་ཆེན་ལས་རིང་བའི་ལྟ་ཚུལ་དང་། གཉིས་པ་ནི་དགེ་སློང་ཕ་མའི་བསླབ་སྡོམ་ལ་དབྱེ་འབྱེད་བྱས་པའི་འདུ་ཤེས་བཟུང་ ཡོད། ལྟ་ཚུལ་འདི་དག་ཐེག་པ་ཆེ་ཆུང་གི་གཞུང་ལུགས་ཀྱི་གནས་དོན་ལས་བརྒལ་བའི་བསམ་ཚུལ་ ལོག་པ་ཞིག་ཐོན་ཡོད། དགེ་སློང་ཕ་མའི་བསླབ་སྡོམ་མི་འདྲ་བའི་གནས་དོན་འདི། ལུས་ཁམས་དང་རྩ་རྒྱུས་མི་འདྲ་བས། ཉོན་མོངས་ཕྲ་རག་དང་། ཆགས་སྡང་སྐྱེ་ཚུལ་སོགས་མི་མཐུན་པའི་རྐྱེན་གྱིས་ཕ་མའི་བསླབ་སྡོམ་ཁྱད་པར་ བྱུང་བ་འདུལ་བར་གསུངས་པ་ལྟར་རེད། དེ་བཞིན་དགེ་སློང་མའི་སྒྲུབ་ཆོག་སྐོར་ལ་འབད་བརྩོན་ཤུགས་ཆེར་གནང་ཀྱང་། གྲུབ་དོན་ཅི་ཞིག་རག་མིན་ད་ལྟར་བརྗོད་དཀའ་བའི་གནས་སུ་གྱུར། འདུལ་འཛིན་རྣམས་ཀྱིས་འདུལ་བའི་དགོངས་དོན་དམ་འཛིན་ཐོག བགྲོ་གླེང་ཐེངས་མང་དང་གོ་སྡུར་ཡང་ཡང་གནང་མོད་ད་བར་ཐག་ཆོད་ཅི་ཡང་ཐུབ་མེད། གནས་ལུགས་ལ་བསམ་མེད་འགས། མ་རངས་པའི་གཏམ་ཡན་དང་འཁང་ར་བྱས་པའི་རྣམ་འགྱུར་ཐོན་ཚོད་ཀྱང་། སྡོམ་རྒྱུན་འཚོལ་ཞིབ་ཀྱི་གྲུབ་འབྲས་ལ་ངང་སྒུག་བྱེད་རྒྱུ་ལས་ཐབས་ལམ་གཞན་མེད། འདི་དག་བུད་མེད་ཀྱི་ལས་འགུལ་དང་འབྲེལ་ཤུགས་ཆེ་ཡང་། ཤར་ཕྱོགས་ཀྱི་བུད་མེད་ཚོར། ཚོར་ཤུགས་དེ་ཙམ་མེད་པ་མ་ཟད་ལས་འགུལ་དེར་རྒྱབ་སྐྱོར་དང་མཉམ་ཞུགས་ཧ་ཅང་ཉུང་ ཉུང་རེད་།ཉེ་སྔོན་བོད་ཀྱི་བཙུན་དགོན་དག་ཏུ་ དགེ་བཤེས་མའི་རྒྱུགས་སྤྲོད་ཀྱི་ཟིན་ཐོ་གསར་པ་ཞིག་བཀོད་ཡོད། འདི་ནི་ཁོང་ཚོའི་སློབ་གཉེར་གྱི་ནུས་ཤུགས་དང་ཡར་རྒྱས་རྣམ་པ་དང་མཐུན་ཡོད། དེ་བཞིན་མཁན་མོ་དང་། སློབ་དཔོན་མ་སོགས་མིང་བྱང་འདི་དག་འོག་དོན་དངོས་སུ་བོད་ཀྱི་བུད་མེད་ཀྱི་ཐོབ་ ཐང་དང་། ལོ་རྒྱུས་རང་བཞིན་ལ་རྒྱལ་ཁ་ཆེན་པོ་ཞིག་བླངས་ཡོད། འདི་ནི་དུས་རབས་ཉི་ཤུའི་སྨད་ཙམ་ནས་འབད་བརྩོན་ཤུགས་ཆེར་བྱས་པའི་བོད་ཀྱི་ བཙུན་མ་ཚོའི་གྲུབ་འབྲས་དང་འཇོན་ཐང་དངོས་རེད། དེ་དག་མུ་འཐུད་རྒྱུན་འཛིན་དང་ཤུགས་སྣོན་བྱ་རྒྱུ་ནི་ཐོབ་ཐང་གི་འགན་འཁྲི་ཡིན་སྙམ་མོོ།
ཤོག་ངོས་འདི་ཐེངས་ 365 བཀླགས་འདུག
སྡེ་ཚན།
ལྷུག་རྩོམ།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
རྩོམ་ཡིག་གསར་ཤོས།
ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99
ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...
མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87
ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...
བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 98
ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...
བོད་ཀྱི་ས་ཐོག་ནས་དར་བའི་ནང་མ་ཞ…
བསྟན་པ་དར་ཕྱུག [གནད་ཚིག] ནང་མ། ཕོ་བྲང་ནང་མ། གམ་བཅར་ནང་མ། ནང་མའི་སྐྱིད་སྡུག །ནགྷ…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…