- མདུན་ངོས།
- སྣ་ཚོགས།
- རྒྱུན་ཤེས།
- བོད་ཀྱི་སྲོལ་རྒྱུན་ལོ་གསར་དང་།
Sun 15 Feb 2015
བོད་ཀྱི་སྲོལ་རྒྱུན་ལོ་གསར་དང་།
བོད་ཀྱི་སྲོལ་རྒྱུན་ལོ་གསར་དང་། བེའུ་ལུག་ལོ་གསར། སོ་ནམ་ལོ་གསར་སོགས་ཀྱི་བྱུང་རིམ་ལ་དཔྱད་པ།
འབྲི་རུ་བ་ལྷ་རམས་དགེ་བཤེས་ངག་དབང་བསྟན་པ། དང་པོར་རྒྱལ་པོ་གཉའ་ཁྲིའི་སྐབས་སུ་བོད་ས་ཡོངས་ལ་གཅིག་གྱུར་གྱི་ལོ་གསར་དགའ་སྟོན་བྱེད་སྲོལ་མེད་པ་འདྲ།
ཡང་ན་ཡིག་ཐོག་ལ་མ་འཁོད་པས་དེང་སང་ཤོད་ཁག་པོ་ཆགས་ཡོད། སྤྱིའི་ཆ་ནས་ཆོས་ཕྱོགས་བླ་མའི་རྣམ་ཐར་འགའ་ཤས་མ་གཏོགས་པར་བོད་ལ་ལོ་རྒྱུས་སྐྱོ་བོ་རེད། བླ་མའི་རྣམ་ཐར་དེ་ཡང་དག་སྣང་གི་བསླབ་བྱའི་ཤུགས་རྐྱེན་ལ་བརྟེན་ནས་རྣམ་ཐར་མང་ཤོས་སྒྲོ་འདོགས་རེད། རྣམ་ཐར་ཡག་ཤོས་སོ་སོ་རང་གིས་བྲིས་པའི་རང་རྣམ་ཞེས་པ་དེ་ཡིན། དེ་ནི་ཁེངས་སྐྱུང་ཞེས་པའི་བསླབ་བྱའི་ཤུགས་རྐྱེན་ལ་བརྟེན་ནས་སྒྲོ་འདོགས་ཧ་ཅང་ཉུང་ཉུང་རེད། གཅིག་བྱས་ན་བོད་རྒྱལ་ཁབ་ཀྱིས་དམངས་ཁྲོད་དུ་ཡིག་རྨོངས་སེལ་མ་ཐུབ་པས་ལོ་རྒྱུས་འབྲི་མཁན་མ་བྱུང་པ་འདྲ། ཡིན་ཡང་དུས་རབས་བཅུ་དགུ་ཡན་མན་ནང་དུ་རྒྱ་ནག་སོགས་རྒྱལ་ཁབ་གཞན་ལ་ཡང་དམངས་ཁྲོད་དུ་ཡིག་རྨོངས་ཤུགས་ཆེན་པོ་རེད། དེ་ཡིན་པ་ད་ལྟར་རྒྱ་ནག་སོགས་ཀྱི་ལོ་རྒྱུས་ལྟད་མོ་ཁག་ལས་གསལ་བཤད་ཐོན་ཐུབ། གཙོ་བོ་རྒྱ་ནག་སོགས་ནི་ཡི་གེ་ཤེས་མཁན་ཚོས་ཉིན་ལྟར་སོ་སོའི་ཉིན་ཐོ་འབྲི་བ་དང་། བོད་པ་ཡི་གེ་ཤེས་མཁན་ཚོས་ཚེ་གང་སོ་སོའི་ཉིན་ཐོ་ཐེངས་གཅིག་མ་བྲིས་པས་ཁྱད་པར་འདི་བྱུང་བ་རེད། དེ་བས་བོད་པ་ཚོས་ཉིན་ཐོ་ནི་ལོ་རྒྱུས་ཀྱི་ས་བོན་ཡིན་པས་མ་འོངས་པར་གཟབ་གཟབ་བྱོས།
སྐབས་བབ་ཀྱི་གླེང་བྱ།
དུས་གང་མཚམས་རྗེས་སུ་ཀོང་རྩེ་འཕྲུལ་རྒྱལ་ཞེས་པ་བོན་ཆོས་དང་མཐུན་པའི་རྩིས་ལ་བརྟེན་ནས་དགུན་ཉི་ལྡོག་སྐབས་གདོད་མའི་ལོ་གསར་བྱེད་སྲོལ་ཞིག་ཡོད་པ་བཤད། དེ་ཡང་ཏན་ཏན་ཏིག་ཏིག་ཅིག་ཤོད་ཡ་ཁག་པོ་ཡིན་ཚོད་རེད། འོན་ཀྱང་དེང་སང་ལོ་གསར་སྐབས་སུ། ལུག་མགོ་བཤམས་པ་དང་། ལུག་མགོ་འཚོད་པ། གཡུང་དྲུང་དང་ཉི་ཟླའི་རི་མོ་འབྲི་བ་སོགས་ལུགས་སྲོལ་ཞིག་ཡོད། དེ་ལ་གཞིགས་ན་བོད་མེས་པོའི་རིག་གཞུང་བོན་གྱི་ཆོས་དང་འབྲེལ་བ་ཞིག་མཐོང་། མ་ཟད་གདོད་མའི་བོན་ཆོས་ནི་དེང་སང་གི་བོན་ཆོས་དང་མི་འདྲ་བར་དམར་མཆོད་བྱེད་ཀྱི་ཡོད་བཟོ་རེད། ལོ་གསར་ཉིན་མོར་ལུག་མགོ་བཤམས་པ་ནི་དམར་མཆོད་མཚོན་བྱེད་ཏན་ཏན་རེད། དེ་མ་ཡིན་པའི་གནས་ལུགས་ཤོད་ཡ་ཁག་པོ་ཡིན། དེ་ནི་སྲོལ་རྒྱུན་ཡིན་ཡང་། ཕན་མེད་ཀྱི་སྲོལ་རྒྱུན་རྙིང་དོར་གསར་གཏོད་མ་བྱས་ན་ཡར་རྒྱས་ཀྱི་ལམ་བུར་དུས་ནམ་ཡང་བསྐྱོད་མི་ཐུབ། དེ་བས་ཆོས་དང་འཇིག་རྟེན། སྤྱི་ཚོགས་དང་དུས་བབ་སོགས་གང་ལ་བསམ་ཡང་ལོ་གསར་ཉིན་མོར་ལུག་མགོ་མ་བཤམས་ན་ཡག་ཤོས་མཐོང་།
བེའུ་ལུག་ལོ་གསར།
དེའི་རྗེས་སུ་ལོ་རྒྱུས་ཁག་གི་ནང་འཁོད་པ་ལྟར་ན་དུས་རབས་བདུན་པ་སྤྱི་ལོ་༦༤༡ ལོར་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་རྗེ་གོང་མ་ཐང་ཐའེ་ཙུང་གི་སྲས་མོ་འུན་ཤིང་ཀོང་ཇོ་མནའ་མར་བསུས། རྟེན་སྐལ་དུ་ཇོ་བོ་ཤཱཀྱ་མུ་ནེ་སོགས་རྫོངས་བ་གྱ་ནོམ་པ་དང་བཅས་བོད་དུ་སླེབས།" རྒྱ་བཟའ་ཀོང་ཇོ་རྩིས་ལ་མཁས་པས་རྒྱའི་འབྱུང་རྩིས་སྤོར་ཐང་བརྒྱད་ཅུའི་སྐོར་མགོ་དང་རྒྱ་བཟའི་གུང་ཁུག་སོགས་བོད་ལ་མཚམས་སྦྱོར་གནང་བ་ནས་བཟུང༌། བོད་དུ་སྔ་བསྒྱུར་བསྒྱུར་རྩིས་རྙིང་པའི་ལུགས་དང༌། ཡང་བསྒྱུར་གསལ་སྒྲོན་སྦས་བཅད་མེད་པའི་ལུགས་ཞེས་པའི་ནང༌། "དཔྱིད་ར་སྟག་ལ་ལོ་འགོ་འཛིན་ཞེས་པ་ཧོར་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་ལོ་གསར་གཏོང་སྲོལ་ཆགས་ཡོད། དེ་ལ་དཔྱད་ན། སྤྱི་ལོ་༦༤༡ ལོར་རྒྱ་བཟའ་དང་པོ་འུན་ཤིང་ཀོང་ཇོ་བོད་དུ་བསུས་པ་འཁོད་ཡོད་ཀྱང་། ལོ་དུས་དེ་ནི་ལྷ་སར་འབྱོར་ལོ་ཡིན་ནམ་སྙམ། རྒྱུ་མཚན་ནི། རྒྱ་བཟས་བོད་དུ་ཕེབས་ལམ་ཁམས་ནགས་ཤོད་འབྲི་རུ་རྫོང་ཁོངས་ལྟར་མོས་དགོན་ཞེས་པ་ཞིག་བཏབ། དགོན་དེའི་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་དུས་འཁོར་ཁྲུ་གང་ཙམ་ཞིག་ཡོད། དེ་རྒྱ་བཟའ་འུན་ཤིང་ཀོང་ཇོས་གནངས་བ་ཡིན་པ་ངག་རྒྱུན་ལྟར་ད་ལྟར་ཡང་དམངས་ཁྲོད་དུ་ཡིན་ཤག་ཤག་རེད། དགོན་དེ་འདེབས་ལོ་༦༣༩ ཡིན། ལྷ་ས་ར་མོ་ཆེ་ལས་ལོ་གསུམ་ཆགས་སྔ་བཤད་སྲོལ་ཡོད། ར་མོ་ཆེ་༦༤༢ བཏབ་པས་ངག་རྒྱུན་དང་ཏག་ཏག་གནས་ཡོད། འོན་ཀྱང་ལོ་རྒྱུས་ཁག་གི་ནང་༦༣༩ ལོ་བལ་བཟའ་བསུས། ༦༤༡ ལོ་རྒྱ་བཟའ་བསུས་ཟེར་འཁོད་ཡོད། དེ་ལྟར་ན་ངག་རྒྱུན་དང་འབྲེལ་མེད་ཆགས་ཡོད། དེ་ནས་བཟུང་སྟེ་བོད་ཁྱོན་ཡོངས་ལ་རྒྱ་ནག་གི་རྩིས་སྔ་བསྒྱུར་དང་ཡང་བསྒྱུར་ལ་བརྟེན་ནས་ལོ་སྐོར་བཅུ་གཉིས་ཀྱི་ལོ་འགོ་ཧོར་ཟླ་བཅུ་གཅིག་གི་ཚེས་གཅིག་དང་། ལོ་གསར་ཡང་ཧོར་ཟླ་བཅུ་གཅིག་གི་ཚེས་གཅིག་ལ་དགའ་སྟོན་གྱི་བྱེད་སྒོའི་སྲོལ་འགོ་བཙུགས་པ་འདྲ། ལོ་གསར་དེ་ནི་དེང་སང་ཡང་ཁམས་ནགས་ཤོད་འབྲི་རུ་རྫོང་སྟོད་སོགས་བོད་ས་མང་པོར་རྒྱུན་གནས་བསྡད་ཡོད། དེང་སང་ཧོར་ཟླ་བཅུ་གཅིག་གི་ཚེས་གཅིག་ལ་བེའུ་ལུག་ལོ་གསར་ཞེས་པའི་ཐ་སྙད་འདོགས་ཀྱི་ཡོད། སྤྱི་ལོ་༧༡༠་གྱིམ་ཤིང་ཀོང་ཇོ་བོད་དུ་མ་འབྱོར་བར་དུ་ཧོར་ཟླ་བཅུ་གཅིག་གི་ཚེས་གཅིག་ལ་བོད་ས་ཡོངས་ཀྱི་ལོ་གསར་དགའ་སྟོན་གྱི་ཉིན་དང་། ལོ་འགོ་དེ་ནས་བཟུང་གི་ཡོད་པ་གསལ་བོ་རེད། དེའི་སྐབས་སུ་བེའུ་ལུག་ལོ་གསར་ཞེས་པའི་ཐ་སྙད་དེ་ཡོང་བཟོ་མི་འདུག །
སོ་ནམ་ལོ་གསར་རམ།
བེའུ་ལུག་ལོ་གསར། ལོ་རྒྱུས་ཁག་གི་ནང་དུ་འཁོད་པ། དུས་རབས་བརྒྱད་པ་སྤྱི་ལོ་༧༡༠ ལོར་རྒྱ་རྗེ་གོང་མ་ཐང་ཙུང་ཀྲུང་གི་སྲས་མོ་གྱིམ་ཤིང་ཀོང་ཇོ་བོད་དུ་བག་མར་ཕེབས་སྐབས་སྐར་རྩིས་དང་དཔེ་དེབ་མང་པོ་ཞིག་བསྣམས་ཕེབས་པ་དེ་དག་བོད་ཡིག་ཏུ་བསྒྱུར། བོད་ལ་བར་བསྒྱུར་གསལ་སྒྲོན་སྦས་བཅད་ཅན་གྱི་ལུགས་ཟེར་བ་རྒྱ་ནག་གི་ཞིང་རྩིས་དང་མཐུན་པའི་ལོ་གསར་གཏོང་སྲོལ་དར་བ་འགོ་བཙུགས། གྱིམ་ཤིང་ཀོང་ཇོ་ནི་ལོ་རྒྱུས་རྙིང་པ་ཕལ་ཆེ་བའི་ནང་དུ་བཙན་པོ་ཁྲི་ལྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་སྲས་ལྗང་ཚ་ལྷ་དབོན་གྱི་བཙུན་མོར་བསུས་པ་ཡིན་ཡང་གྱིམ་ཤིང་ཀོང་ཇོ་ལམ་བར་ནས་ཡོང་སྐབས་སྲས་ལྗང་ཚ་རྟས་དྲུད་ནས་གྲོངས་པ་བཤད། དེའི་ཁུངས་མཁས་པ་སྦ་གསལ་སྣང་གིས་མཛད་པའི་སྦ་བཞེད་ལ་གཏུགས་གི་ཡོད་བཟོ་རེད། རྗེས་སུ་ཏུན་ཧོང་གི་གཏེར་ཡིག་དང་ཐང་ཡིག་གསར་རྙིང་ཁག་ལ་ཁུངས་གཏུག་མཁན་ཚོས་སྲས་དང་རྒྱ་བཟའ་གཉིས་ལོ་གཅིག་གི་ནང་ལ་འདས་པ་དང་། རྒྱ་བཟའ་བོད་དུ་ལོ་སུམ་ཅུ་ནང་བསྡད་པའི་གནས་ཚུལ་བཀོད་པ། གྱིམ་ཤིང་ནི་ཁྲི་སྡེ་གཙུག་བརྟན་མེས་ཨག་ཚོམ་གྱི་མནའ་མར་བཤད་ཡོད། གང་ལྟར་དེ་ནས་བཟུང་བར་བསྒྱུར་རྒྱ་ནག་གི་ཞིང་རྩིས་ལ་བརྟེན་ནས་བོད་ཀྱི་ལོ་གསར་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ལ་གཏན་ཁེལ་བ་དང་། ལོ་འགོ་ཡང་དེ་ནས་བརྩིས་པ་རེད། དུས་དེ་ཙམ་ནས་བོད་ཀྱི་ལོ་གསར་དང་། ལོ་འགོ་འཇོག་ཚུལ་སོགས་བསྒྱུར་བས་ཧོར་ཟླ་བཅུ་གཅིག་གི་ཚེས་གཅིག་ལ་ལོ་གསར་དང་། ལོ་འགོ་བརྩི་ཚུལ་སོགས་རྒྱལ་སའི་ཉེ་སྐོར་ལ་མེད་པ་བཟོས་པས་གཞན་བོད་ས་མང་པོར་རང་བཞིན་གྱིས་མེད་པ་ཆགས་པ་རེད། འབྲོག་ཁུལ་ཤས་ཆེ་བར་སྔོན་མའི་རྩིས་རྙིང་ལུགས་ཀྱི་ལོ་གསར་གྱི་དགའ་སྟོན་བྱེད་མཁན་ལྷག་པ་རྣམས་ལ་བེའུ་ལུག་ལོ་གསར་ཞེས་པའི་ཐ་སྙད་དེ་གསར་དུ་བྱུང་ཡོད། བོད་ཀྱི་ལོ་གསར་རམ་ཧོར་ཟླ་བརྩིས་པས་ལོ་གསར། དེའི་རྗེས་སུ་སྤྱི་ལོ་༡༢༢༧ལོར་མི་ཉག་རྒྱལ་ཐོག་དགུ་པ་རྡོ་རྗེ་དཔལ་ལམ་སོག་པོ་ཇིང་གེར་རྒྱལ་པོས་བསད་ཅིང་མི་ཉག་རྒྱལ་ཁམས་མངའ་འོག་ཏུ་བསྡུས། དེའི་ཉིན་མོར་ཧོར་སོག་པོ་རྒྱལ་པོའི་མངའ་འོག་ཡོངས་ལ་དགའ་སྟོན་རྟེན་འབྲེལ་རྒྱས་པ་བྱས། ཉིན་དེ་ནས་བཟུང་མི་ཉག་མངའ་འོག་ཡོངས་རྫོགས་ཧོར་སོག་པོའི་སྡེར་གྱུར་པས་ཧོར་ཟླ་ཞེས་པའི་ཐ་སྙད་དེ་བྱུང་།
ཕྱི་ལོ་ ༡༢༥༣ ཧོར་རྒྱལ་པོ་ཧུ་པི་ལི་སེ་ཆེན་ཧན་གྱིས་ས་སྐྱ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་དབང་རིམ་པ་གསུམ་ཞུས་པས།དང་པོའི་དབང་ཡོན་བོད་ཁྲི་སྐོར་བཅུ་གསུམ་ཕུལ། གཉིས་པ་གསང་སྔགས་ཀྱི་དབང་ཡོན་བོད་ཆོལ་གསུམ་ཕུལ། གསུམ་པའི་དབང་ཡོན་རྒྱ་ཡི་མི་ཡུལ་ཆེན་མོ་ཕུལ་ཟེར། དུས་དེ་ནས་བཟུང་སྟེ་ཧོར་རྒྱལ་གྱིས་བོད་ཟླ་ལ་ཧོར་ཟླ་བརྩི་དགོས་པ་དང་། བོད་ཀྱི་ལོ་གསར་གྱི་དགའ་སྟོན་དང་། ལོ་འགོ་བརྩི་ཚུལ་ཡང་འགྱུར་བ་གཏང་དགོས་པའི་བཙན་བཀའ་ཕབས། བོད་ཆོལ་གསུམ་ས་སྐྱས་བདག་དབང་བཟུང་བ་ནས་ཧོར་ཟླ་དང་པོའི་ཚེས་གཅིག་ལ་ལོ་གསར་གྱི་དགའ་སྟོན་བྱེད་སྲོལ་དར། ཉི་མ་དེ་ནས་བཟུང་སྟེ་སྔར་ཧོར་ཟླ་བཅུ་གཅིག་གི་ཚེས་གཅིག་དང་། ཧོར་ཟླ་བཅུ་གཉིས་ཀྱི་ཚེས་གཅིག་སོགས་ལ་ལོ་གསར་གྱི་དགའ་སྟོན་དང་། ལོ་འགོ་བརྩི་སྲོལ་སོགས་མེད་པ་བཟོས་པ་རེད། ཞིང་འབྲོག་མང་ཚོགས་མང་པོ་ཞིག་གི་ནང་ལ་དེང་སང་ཡང་ཧོར་ཟླ་བཅུ་གཅིག་དང་། བཅུ་གཉིས་ལ་ལོ་གསར་སྟོན་སྲོལ་ཡོད། འོན་ཀྱང་ས་སྐྱས་ཆོལ་གསུམ་དབང་སྒྱུར་བྱས་པ་ནས་བཟུང་སྟེ་འབྲོག་ཁུག་ཤས་ཆེ་བ་ལ་བེའུ་ལུག་ལོ་གསར་དང་། གཙང་ཕྱོགས་སོགས་ཞིང་ཁུལ་ཕལ་ཆེ་བ་ལ་སོ་ནམ་ལོ་གསར་དང་ཞིང་པ་ལོ་གསར་སོགས་ཀྱི་ཐ་སྙད་གསར་དུ་བྱུང་བ་རེད། བོད་ཀྱི་ལོ་གསར་ཧོར་ཟླ་དང་པོའི་ཚེས་གཅིག་ལ་གཏན་འབེབས་བྱས་པས། ཧོར་ཟླ་བཅུ་གཅིག་དང་། བཅུ་གཉིས་ཀྱི་ལོ་གསར་ལ་བེའུ་ལུག་ལོ་གསར་དང་། སོ་ནམ་ལོ་གསར་སོགས་ཀྱི་མིང་གསར་འདོགས་མ་བྱས་རང་བྱེད་ཆགས་ཡོད། བེའུ་ལུག་ལོ་གསར་དང་། སོ་ནམ་ལོ་གསར། ཞིང་པ་ལོ་གསར། བོད་ཀྱི་ལོ་གསར་སོགས་ཀྱི་མིང་བྱུང་རིམ་དེ་འདྲ་ཡིན་པ་མཐོང་། ལོ་གསར་ཉིན་མོར་མི་ཚང་མ་ཧ་ཧ་དང་ཧོ་ཧོ་ཟེར་བཞིན་ཉིན་མང་པོར་ལས་ཀ་གང་ཡོད་པ་མཚམས་འཇོག་ནས་ཁྱིམ་ཚང་ནས་ཁྱིམ་ཚང་མགྲོན་འབོད་བྱེད་རེས་དང་། ཐུག་སྤྲོ་གཏོང་རེས་བྱེད་ཀྱི་ཡོད། དེ་ནི་འཛམ་གླིང་སྤྱི་མཚུངས་ཡིན་པས་ཡིག་ཉོབ་མི་འབྲི། དེང་སང་ངེད་ཚོ་བོད་ཀྱི་མི་འབོར་ཉུང་ཉུང་འདི་འཛམ་གླིང་གང་སར་ཁ་ཐོར་དང་ཡ་ཐོར་གནས་ཡོད། དེས་རྐྱེན་པས་བོད་ཕྲུག་མང་པོ་ཞིག་ལ་བོད་པའི་གོམས་གཤིས་མེད་པ་ཆགས་འགྲོ་གི་ཡོད། དེ་ལ་དམིགས་པའམ་མི་རིགས་ཀྱི་རིག་གཞུང་ངམ་གོམས་གཤིས་རྒྱུན་གནས་ཆེད་དུ་ལོ་གསར་གོ་སྒྲིག་ངེས་པར་དུ་བྱ་དགོས། དཔེར་ན། ཨ་རིར་སྡོད་མཁན་བོད་པ་ཞིག་ཡིན་ན། བོད་པའི་ལོ་གསར་སྐབས་སུ་ལོ་གསར་གྱི་དགའ་སྟོན་གོ་སྒྲིག་བྱས་མེད་ན། ཨ་རིའི་ལོ་གསར་སྐབས་སུ་རྒྱལ་ཡོངས་ལོ་གསར་གྱི་གུང་གསེང་གཏང་གི་རེད། རང་ཉིད་གཅིག་པུར་དེའི་ཚེ་ཏན་ཏན་སྡོད་མི་ཐུབ་པས་བོད་ཀྱི་ལོ་གསར་མེད་པར་ཨ་རིའི་ལོ་གསར་གཏང་གི་རེད། དེ་བས་ཕྲུ་གུ་ཚོའི་རྒྱུད་ལ་བག་ཆགས་འཇོག་བྱེད་དང་། བོད་ཀྱི་ལོ་གསར་སྐབས་སུ་རིག་གཞུང་དང་། གོམས་གཤིས་ཅི་འདྲ་ཡོད་མེད་ཤེས་ཆེད་ལོ་གསར་གོ་སྒྲིག་བྱ་དགོས། ངས་མཐོང་ཕྱོགས་ཡག་ཤོས་ཤིག་ལ། ལོ་གསར་སྐབས་སུ་ཁྱིམ་ཚང་གཅིག་གི་ནང་དུ་མི་མང་ཉུང་གང་ཡོད་པ་ཐམས་ཅད་སྤྲོ་སྐྱིད་མཉམ་དུ་གཏོང་བའི་གོམས་གཤིས་དེ་ཡིན། གཞན་མ་གཏོགས་ངེད་ཚོ་བོད་པ་ཚོས་ངེས་པར་དུ་འདོར་དགོས་པའི་གོམས་གཤིས་ངན་པ་ཞིག་ནི། མི་ཚང་ནང་གི་ཕ་རྒན་ནམ་མི་དྲག་ཤོས་དེ་དུས་རྟག་ཏུ་ཕྱི་ལ་ཚོང་པ་ཡིན་མདོག་དང་། ལས་ཀ་ཡོད་མདོག་གིས་འཆམ་འཆམ་འགྲོ་བ་དང་། ཁ་ལག་ཟ་ཁང་ནང་དུ་གང་བཟང་བཟང་ཟ་བ་སོགས་བྱེད་སྲོལ་ཡོད།དེ་མིན་ནང་གི་ཨ་མ་དང་ཕྲུ་གུ་ཚོས་ཁོ་ག་པར་སོང་མིན་དང་། ལྟོ་གང་ནས་བཟས་ཡོད་མེད་སོགས་ཇུས་གཏོགས་བྱེད་སྲོལ་མེད།སྐྱིད་པོ་གཏོང་མཁན་གྱིས་ཡིན་ཤར་ཤར་དང་། ནང་སྡོད་བྱེད་མཁན་གྱིས་ཡིན་ཤར་ཤར་གྱི་གོམས་གཤིས་དེ་ངེས་པར་དུ་འདོར་དགོས། ཕྱི་གླིང་པ་ཚོ་ཡིན་ན་ཕྱི་ལ་འཆམ་ན་བཟའ་ཕ་མ་བུ་ཕྲུག་ཚང་མ་མཉམ་དུ་འགྲོ་གི་འདུག །མཚམས་མཚམས་ཟ་ཁང་ནང་དུ་སོང་ན་མཉམ་དུ་འགྲོ་གི་ཡོད། དེ་ནི་གོམས་གཤིས་ཧ་ཅང་ཡག་པོ་མཐོང་། མི་ཞིག་ཡིན་ཙང་འཐོབ་ཐང་བདེ་སྐྱིད་གཅིག་མཚུངས་དགོས་ངེས་རེད། ༢༠༡༥ ཕྱི་ཟླ་༠༢་ཕྱི་ཚེས་༡༤་ཉིན་བྲིས།
ཤོག་ངོས་འདི་ཐེངས་ 1143 བཀླགས་འདུག
སྡེ་ཚན།
རྒྱུན་ཤེས།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
སྡེ་ཚན་འདིའི་ནང་ད་དུང་རྩོམ་ཡིག་མང་
« ལྷ་བབས་དུས་ཆེན།
རྒྱལ་མོ་དངུལ་ཆུ་ཞེས་པའི་མིང་ཟུར་གྱི་རྒྱལ་མོ་ཞེས་པ་ལ་དཔྱད་པ། »
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
སྣ་ཚོགས་གསར་ཤོས།
བུད་མེད་ཀྱི་ནུས་སྟོབས།
སྡེ་ཚན། རྒྱུན་ཤེས། | ཟླ་ཚེས་ 28-07-2023 | ཀློག་གྲངས། 101
ནགས་ཤོད་ཅོང་བརྡ། རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག ། རྩོམ་འདིའ... བཀླགས་འཕྲོ...
ནགས་ཤོད་འབྲི་རུའི་གཏམ་དཔེ།
སྡེ་ཚན། རྒྱུན་ཤེས། | ཟླ་ཚེས་ 28-07-2023 | ཀློག་གྲངས། 102
སྡུད་སྒྲིག་པ། ནགས་རྒྱང་འབྲུག ༈ [1]གཏམ་རིན་ཆེན་སྣ་ལྔ་བསླབས་ཀྱང་མི་ཤེས། །འཇའ་ཁ་དོག་སྣ་ལྔ་དེ... བཀླགས་འཕྲོ...
ཁྱིམ་ཚང་གི་བདེ་ཐབས་སྐོར།
སྡེ་ཚན། བསླབ་བྱ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 94
དགའ་ཤར་ནགས་ཤོད་དགེ་བཤེས་ལྷ་རམས་པ་བློ་བཟང་ཕུན་ཚོགས། མི་ཚེའི་བདེ་སྐྱིད་དོན་དུ་གཉེར་མཁན་ཞིག་... བཀླགས་འཕྲོ...
རིས་མེད་བྱེད་དགོས།
འབྲོང་ངུར་ཕོ་ཉ། རིས་མེད་ཀྱི་ཐ་སྙད། རིས་མེད་ཅེས་པའི་ཚིག་འདི་ཕལ་ཆེར་བོད་རང་གིས་གས…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…