རྒྱུན་ཤེས།

འབྲི་སྐལ་བཟང་། བདག་ཅག་གི་སྟོན་པ་བླ་ན་མེད་པ།

སངས་རྒྱས་ཤཱཀྱ་ཐུབ་པ་མི་ཡུལ་ནས་ལྷ་ཡུལ་ལ་ཕེབས། དེར་ཆོས་གསུངས་ནས་ཉིན་ཞག་དགུ་བཅུ་བཞུགས་པ་དང་། སླར་ཡང་འཛམ་བུ་གླིང་གི་གདུལ་བྱ་རྣམས་ཀྱི་དོན་དུ་མི་ཡུལ་ལ་ཕེབས་པའི་དུས་ལ་རྒྱལ་བ་ལྷ་ལས་བབས་པའི་དུས་ཆེན་ཟེར། དེ་ནི་བོད་ཟླ་དགུ་པའི་ཚེས་ཉེར་གཉིས་ལ་སྲུང་བརྩི་ཞུ་སྲོལ་ཡོངས་སུ་དར། དེ་ཡང་མ་ཡུམ་གྱི་ཆེད་དུ་ལྷ་ཡུལ་ལ་ཕེབས་པའི་ཚུལ་ནི་འདུལ་བ་ལུང་ལས་བྱུང་བ་དང་། སྐྱེས་རབས་དཔག་བསམ་འཁྲི་ཤིང་ལས་ཀྱང་གསུངས། འདིའི་སྐོར་རྒྱས་པ་ནི་མདོ་མང་པོད་སོ་གཉིས་པ་ཐབས་ལ་མཁས་པ་སངས་རྒྱས་ཀྱི་དྲིན་ལན་བསབ་པའི་མདོ་ཞེས་པ་བམ་པོ་ཕྱེད་བརྒྱད་ལེའུ་དགུའི་བདག་ཉིད་ཅན་དེ་ཡིན། ལེའུ་གཉིས་པ་སྲི་ཞུའི་ལེའུ་སྟེ། རྒྱལ་བུ་དགེ་དོན་གྱིས་རང་གི་སྲོག་བཏང་ནས་ཡབ་ཡུམ་གྱི་སྲོག་བླུས་པའི་ཚུལ་སོགས་སྒོ་སྣ་ཚོགས་ནས་དྲིན་ལན་བསབ་པའི་ཚུལ་བསྟན། གསུམ་པ་གཉེན་པོའི་ལེའུ། བཞི་པ་སེམས་བསྐྱེད་པའི་ལེའུ་གཉིས་ཀྱིས་ཀྱང་རྣམ་གྲངས་ཐ་དད་པའི་སྒོ་ནས་དྲིན་ལན་བསབ་པའི་སྐོར་གསུངས། ལེའུ་ལྔ་པ་བསྟན་བཅོས་ཀྱི་ལེའུས་དམིགས་བསལ་ལྷ་ལས་བབས་པའི་སྐོར་དང་འབྲེལ་བའི་ཡུམ་ལྷ་མཛེས་མ་དང་སངས་རྒྱས་ཉིད་མ་བུར་གྱུར་པའི་རྒྱུ་རྐྱེན་སོགས་གསུངས་ཡོད། མདོར་ན་སྐྱེས་རབས་ཀྱི་ཕྲེང་བ་མང་པོར་ཡབ་ཡུམ་གྱི་དྲིན་ལན་བསབ་པའི་ཚུལ་རྒྱས་པར་འཆད་པའི་ནང་ཚན་སྐུ་ཚེ་དེ་ཉིད་ཀྱི་མར་གྱུར་པ་ཡུམ་སྒྱུ་མ་ལྷ་མཛེས་མའི་དྲིན་ལན་བསབ་པའི་ཆེད་ལྷ་ཡུལ་དུ་ཕེབས། དེ་ནས་མི་ཡུལ་གྱི་གདུལ་བྱ་རྣམས་ལ་གཟིགས་ནས་ཕྱིར་ཕེབས་པར་འདོད། སངས་རྒྱས་ལྷ་ཡུལ་དུ་བཞུགས་རིང་རྒྱལ་པོ་ཨུ་ཏྲ་ཡ་ནས་སངས་རྒྱས་དྲན་དྲག་ནས་དད་པའི་རྟེན་ཙན་དན་ལས་གྲུབ་པའི་སངས་རྒྱས་དངོས་ལྟ་བུའི་སྐུ་བརྙན་ཞིག་ཀྱང་བཞེངས་པར་གྲགས། སྐབས་དེར་རྒྱལ་བ་ལྷ་ལས་བབས་པའི་གནས་སུ་ལྷ་བབས་མཆོད་རྟེན་ཞེས་པ་ཞིག་དད་པའི་རྟེན་དུ་བཞེངས་པ་དེང་སང་ཀེ་ས་ར་ཞེས་པའི་ཡུལ་ལ་མཇལ་དུ་ཡོད། བོད་པ་རྣམས་ཀྱིས་ཀྱང་དུས་ཚེས་དེ་ལ་རྣམ་དཀར་དགེ་བའི་ལས་ལ་བརྩོན་པ་དང་། ལྷ་ཁང་དང་མཆོད་རྟེན་སོགས་ལ་དཀར་རྩི་གསོལ་བའི་ལུགས་སྲོལ་ཡོད། སྟོན་པའི་བཀའ་དྲིན་རྗེས་དྲན་གྱི་མཚོན་བྱེད་ཙམ་དུ།

བོད་ཀྱི་སྲོལ་རྒྱུན་ལོ་གསར་དང་། བེའུ་ལུག་ལོ་གསར། སོ་ནམ་ལོ་གསར་སོགས་ཀྱི་བྱུང་རིམ་ལ་དཔྱད་པ།

འབྲི་རུ་བ་ལྷ་རམས་དགེ་བཤེས་ངག་དབང་བསྟན་པ།   དང་པོར་རྒྱལ་པོ་གཉའ་ཁྲིའི་སྐབས་སུ་བོད་ས་ཡོངས་ལ་གཅིག་གྱུར་གྱི་ལོ་གསར་དགའ་སྟོན་བྱེད་སྲོལ་མེད་པ་འདྲ།

ཡང་ན་ཡིག་ཐོག་ལ་མ་འཁོད་པས་དེང་སང་ཤོད་ཁག་པོ་ཆགས་ཡོད། སྤྱིའི་ཆ་ནས་ཆོས་ཕྱོགས་བླ་མའི་རྣམ་ཐར་འགའ་ཤས་མ་གཏོགས་པར་བོད་ལ་ལོ་རྒྱུས་སྐྱོ་བོ་རེད། བླ་མའི་རྣམ་ཐར་དེ་ཡང་དག་སྣང་གི་བསླབ་བྱའི་ཤུགས་རྐྱེན་ལ་བརྟེན་ནས་རྣམ་ཐར་མང་ཤོས་སྒྲོ་འདོགས་རེད། རྣམ་ཐར་ཡག་ཤོས་སོ་སོ་རང་གིས་བྲིས་པའི་རང་རྣམ་ཞེས་པ་དེ་ཡིན། དེ་ནི་ཁེངས་སྐྱུང་ཞེས་པའི་བསླབ་བྱའི་ཤུགས་རྐྱེན་ལ་བརྟེན་ནས་སྒྲོ་འདོགས་ཧ་ཅང་ཉུང་ཉུང་རེད། གཅིག་བྱས་ན་བོད་རྒྱལ་ཁབ་ཀྱིས་དམངས་ཁྲོད་དུ་ཡིག་རྨོངས་སེལ་མ་ཐུབ་པས་ལོ་རྒྱུས་འབྲི་མཁན་མ་བྱུང་པ་འདྲ། ཡིན་ཡང་དུས་རབས་བཅུ་དགུ་ཡན་མན་ནང་དུ་རྒྱ་ནག་སོགས་རྒྱལ་ཁབ་གཞན་ལ་ཡང་དམངས་ཁྲོད་དུ་ཡིག་རྨོངས་ཤུགས་ཆེན་པོ་རེད། དེ་ཡིན་པ་ད་ལྟར་རྒྱ་ནག་སོགས་ཀྱི་ལོ་རྒྱུས་ལྟད་མོ་ཁག་ལས་གསལ་བཤད་ཐོན་ཐུབ། གཙོ་བོ་རྒྱ་ནག་སོགས་ནི་ཡི་གེ་ཤེས་མཁན་ཚོས་ཉིན་ལྟར་སོ་སོའི་ཉིན་ཐོ་འབྲི་བ་དང་། བོད་པ་ཡི་གེ་ཤེས་མཁན་ཚོས་ཚེ་གང་སོ་སོའི་ཉིན་ཐོ་ཐེངས་གཅིག་མ་བྲིས་པས་ཁྱད་པར་འདི་བྱུང་བ་རེད། དེ་བས་བོད་པ་ཚོས་ཉིན་ཐོ་ནི་ལོ་རྒྱུས་ཀྱི་ས་བོན་ཡིན་པས་མ་འོངས་པར་གཟབ་གཟབ་བྱོས།
སྐབས་བབ་ཀྱི་གླེང་བྱ།

འབྲི་སྐལ་བཟང་།  རྒྱལ་མོ་དངུལ་ཆུ་ཞེས་འབོད་པའི

མིང་ཟུར་གྱི་རྒྱལ་མོ་དེ་ག་འདྲ་བྱས་ནས་འབོད་སྲོལ་དར་བ་ཡིན་ཞེ་ན། མདོ་ཁམས་ཆུ་བཞིའི་ནང་ཚན་དངུལ་ཆུ་ཁམས་པ་ལ་རྒྱལ་མོ་དངུལ་ཆུ་འབོད་དོན་ནི་མིང་འདྲ་བའི་ཆུ་བོ་གཞན་གྱི་མིང་ཟླ་འདིར་ཡོང་བ་ཞིག་མིན་ནམ་སྙམ། གང་ཡིན་ཞེ་ན་རྒྱལ་རོང་རྒྱལ་ཁབ་བཅོ་བརྒྱད་ནས་འབབས་པའི་རྒྱལ་མོ་རྔུལ་ཆུ་ཞེས་པའི་ཆུ་ཆེན་ཞིག་ཡོད། ཆུ་བོ་དེའི་མིང་གི་སྐོར་འཆད་སྐབས་ལྷ་མཆོག་རྒྱལ་མོ་དམུ་རྡོ་ཚ་བས་གདུང་ནས་རྔུལ་ཆུ་དོན་པ་ཡིན་པས་རྒྱལ་མོ་དངུལ་ཆུ་འབོད་པར་བཤད། ཆུ་བོ་དེ་དང་འདི་གཉིས་ཀྱི་མིང་རྔུལ་ཆུ་དང་དངུལ་ཆུ་གཉིས་ངག་ནས་བརྗོད་སྐབས་སྒྲ་ཕལ་ཆེར་འདྲ་བས་སྔོན་མའི་མིང་ཟླ་དེ་ཤུགས་མ་ཐུབ་པའི་ཚུལ་གྱིས་འབོད་སྲོལ་དར་བ་ཞིག་མིན་ནམ་སྙམ། དཔེར་ན། ཨ་ཁུ་སྟོན་པ་ཞེས་པའི་མིང་ཡོངས་གྲགས་ལ་སོང་བས་སྟོན་པ་ཞེས་པའི་མིང་ཅན་གྱི་རྒས་པོ་གཞན་ལ་ཡང་ཨ་ཁུ་ཞེས་པའི་མིང་ཤུགས་མ་ཐུབ་པའི་ཚུལ་གྱིས་ཡོང་ནས་ཨ་ཁུ་སྟོན་པ་ཞེས་འབོད་པ་བཞིན། འདི་དག་ནི་རང་གི་བསམ་ཚུལ་ཞིག་དཔྱད་གཞིའི་ཚུལ་དུ་ཕུལ་བ་ཡིན་པ་ལས་འདི་ལྟར་ཡིན་ཞེས་ཐག་བཅད་ནས་བཤད་པ་མིན།

འབྲི་སྐལ་བཟང་གིས།   

ཁ་བ་གངས་རིའི་ཡུལ་ལ་མདོ་དབུས་ཁམས་གསུམ་དུ་ཕྱེ་བའི་ནང་ཚན་མདོ་ཁམས་སྟོད་ཕྱོགས། བྱང་གདང་ལའི་རི་རྒྱུད་དང་ལྷོ་ཐང་ལྷའི་རི་རྒྱུད་གཉིས་ཀྱི་བར་ལ་ནགས་ཤོད་ཅེས་པའི་ཡུལ་ལུང་དེ་ཆགས་ཡོད། འདི་ལ་འགའ་ཞིག་གིས་ནགས་ཤོད་ཅེས་པའི་ནགས་དེ་ནག་ཆུ་ཁ་ཞེས་པའི་ནག་དེ་ལ་ངོས་བཟུང་ནས་ནག་ཤོད་འབྲི་དགོས་པར་གླེང་། རྒྱུ་མཚན་ནི་ཨ་མདོ་མཚོ་ནག་ནས་འབབ་པའི་ཆུ་ལ་ནག་ཆུ་དང་།ཆུ་རྒྱུད་དེའི་སྨད་ཕྱོགས་ལ་ཡིན་པས་ནག་ཆུའི་ཤོད་ཟེར་བའི་མིང་བསྡུས་ནས་ནག་ཤོད་འབོད། ཅེས་ལབ་ཀྱི་ཡོད་ཚོད་འདུག །འགྲེལ་ཚུལ་དེ་ལ་ཞིབ་ཏུ་སོམས་དང་། བོད་ཀྱི་ཐ་སྙད་འབོད་སྲོལ་ལྟར་ན་རི་བོའི་རྩེ་ཤོད་དང་ལུང་པའི་ཕུ་མདའ་ཟེར་བ་ཡོངས་གྲགས་ཀྱི་ལབ་ཚུལ་ཞིག་ཡིན། དེ་མིན་ལུང་པའི་སྟོད་སྨད་ཟེར་ནས་འབྱེད་ཚུལ་ཡོད་པ་མ་གཏོགས་ལུང་པའི་ཕུ་ཤོད་ཟེར་བ་དང་། ལུང་པའི་སྟོད་ཤོད་ཟེར་བ་སོགས་ནི་འབོད་བདེ་བའི་ཡོངས་གྲགས་ཀྱི་ཐ་སྙད་ཅིག་མིན།འདིར་སྤྱིར་བཏང་ཤོད་ཅེས་པ་ག་འདྲ་ཞིག་ལ་ལབ་ཀྱི་ཡོད་པའི་ཚུལ་བཤད་ན་ཀློག་པ་པོ་རྣམས་ཀྱིས་གོ་དོན་རྟོགས་པ་ལ་ཁྱད་པར་ཡོད་པས་དེའི་ཚུལ་ཅུང་ཟད་བཤད་ན། གོང་མ་ལ་སྟེང་དང་འོག་མ་ལ་ཤོད་འབོད་པ་ཁང་པའི་སྟེང་ཤོད་ལྟ་བུ་དང་། རི་བོའི་མཐོ་ས་ལ་རྩེ་དང་དམའ་ས་ལ་ཤོད་འབོད་པ་རི་བོའི་རྩེ་ཤོད་ལྟ་བུ་དང་། རི་བོའི་སྒང་དང་མཐོ་ས་ལ་འབྲི་གཡག་ར་ལུག་སོགས་འཚོ་སྐྱོང་བྱེད་མཁན་ལ་འབྲོག་དང་དམའ་ས་ཆུ་མཚམས་ལ་ཞིང་ལས་བྱས་ནས་སྡོད་མཁན་ཡུལ་པ་གཉིས་ལ་འབྲོག་ཤོད་ཅེས་འབོད་སྲོལ་ཡོད། མིང་གི་སྐབས་རི་བོའི་སྨད་མཚམས་ལ་རི་ཤོད། ལུང་པ་ཁ་ཡངས་ཤིང་ས་བབས་དམའ་བ་ལ་ཀླུང་ཤོད། ཁང་པ་ཐོག་བརྩེགས་ཅན་གྱི་འོག་མ་ལ་ཤོད་ཁང་ཞེས་འབོད། འདིར་ནགས་ཤོད་ཅེས་པ་ནི་ལུང་པ་ཁ་ཡངས་ཤིང་ས་བབས་དམའ་བའི་ཆ་ནས་ཀླུང་ཤོད་འབོད་ཀྱི་ཡོད། དེ་ཡང་ནགས་ལྷ་ཛམ་བྷའི་བསང་ཡིག་ལས། ནགས་ཀྱི་ཀླུང་ཤོད་མཛེས་པའི་ཡུལ་གྲུ་འདིར།།

Page 2 of 4

སྣ་ཚོགས་གསར་ཤོས།

བུད་མེད་ཀྱི་ནུས་སྟོབས།

སྡེ་ཚན། རྒྱུན་ཤེས། | ཟླ་ཚེས་ 28-07-2023 | ཀློག་གྲངས། 101

ནགས་ཤོད་ཅོང་བརྡ། རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག ། རྩོམ་འདིའ... བཀླགས་འཕྲོ...

ནགས་ཤོད་འབྲི་རུའི་གཏམ་དཔེ།

སྡེ་ཚན། རྒྱུན་ཤེས། | ཟླ་ཚེས་ 28-07-2023 | ཀློག་གྲངས། 102

སྡུད་སྒྲིག་པ། ནགས་རྒྱང་འབྲུག ༈ [1]གཏམ་རིན་ཆེན་སྣ་ལྔ་བསླབས་ཀྱང་མི་ཤེས། །འཇའ་ཁ་དོག་སྣ་ལྔ་དེ... བཀླགས་འཕྲོ...

ཁྱིམ་ཚང་གི་བདེ་ཐབས་སྐོར།

སྡེ་ཚན། བསླབ་བྱ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 94

དགའ་ཤར་ནགས་ཤོད་དགེ་བཤེས་ལྷ་རམས་པ་བློ་བཟང་ཕུན་ཚོགས། མི་ཚེའི་བདེ་སྐྱིད་དོན་དུ་གཉེར་མཁན་ཞིག་... བཀླགས་འཕྲོ...

མཆན་མང་ཤོས།