Sun 12 Jan 2014
གཉུག་མའི་སྒལ་ཚིགས།
༢༠༡༣ལོའི་སྙན་རྩོམ་འགྲན་བསྡུར་སྐབས་ཀྱི་རྩོམ་ཡིག
སྐལ་བཟང་རབ་རྒྱས།
སྔོན་བྱོན་རྒྱལ་བློན་མཁས་གྲུབ་རྣམས་པ་དང་།།
ས་སྟེང་དགེ་ལེགས་སྩོལ་བའི་དྲིན་ཆེན་རྗེ།།
བཀའ་དྲིན་གཞལ་མེད་ཀུན་ཏུ་བཟང་པོ་སོགས།།
གུས་པ་ཆེན་པོས་སྙིང་ནས་སྐྱབས་སུ་འཛིན།།
ཤེས་རིག་པད་དཀར་ཡངས་པའི་ཕོ་བྲང་ནས།།
བློ་གསར་སྒོ་འབྱེད་དཔྱོད་ལྡན་སློབ་དཔོན་དང་།།
ལམ་བཟང་སྟོན་མཁན་བརྩེ་ལྡན་གོ་སྒྲིག་པ།།
ལྷག་བསམ་དྭངས་མས་སྙིང་ནས་འཚམས་འདྲི་ཞུ།།
སྐབས་བབ་བརྗོད་དོན་རིག་གནས་རྣམ་བཞག་ལ།།
མཁས་པར་སྦྱངས་ནས་དཔྱད་ཞིབ་ཡང་དག་ཅིག །
བདག་གིས་ཁྱེད་རྣམས་སྤྱན་སྔར་འབུལ་རྒྱུ་མེད།།
འོན་ཀྱང་གོ་སྐབས་འདི་ནི་དམ་འཛིན་འདོད།།
བཙན་རྒྱལ་ཐོག་མ་གཉའ་ཁྲི་བཙན་པོ་ནས།།
མུ་ཁྲི་དེང་ཁྲི་སོ་ཁྲི་ཤོ་ཁྲི་དང་།།
མེ་ཁྲི་གདགས་ཁྲི་སྲིབ་ཁྲི་བཙན་པོ་སྟེ།།
གནམ་གྱི་ཁྲི་བདུན་རིག་གནས་གསར་གཏོད་མིན།།
གྲི་གུམ་བཙན་པོས་དམག་འཁྲུག་བྱེད་པའི་དུས།།
རྒྱལ་པོའི་དབུ་ལ་དར་ནག་ལ་ཐོད་བཅིངས།།
དཔྲལ་བ་མ་ལོང་བཏགས་ཏེ་དམག་ལ་ཕེབས།།
བཟོ་རིགས་ཁྲབ་ཀྱི་ཐོག་མ་དེ་དུས་བྱུང་།།
གྲི་གུམ་སྲས་ཕོ་པུ་དེ་གུང་རྒྱལ་གྱིས།།
ཕུ་ཆུ་ཡུར་དྲངས་སྤང་ཐང་ཞིང་བསྒྱུར་དང་།།
གསེར་དངུལ་གཏེར་འདོན་རིག་པ་ཡང་དག་སོགས།།
ཚན་རིག་ལག་རྩལ་བཟོ་ལས་ངེས་གཏན་མཛད།།
དེ་ནས་ལྷ་ཐོ་ཐོ་རིའི་བར་མཚམས་སུ།།
སྤང་སྐོང་ཕྱག་རྒྱ་ཟམ་ཏོག་གླེགས་བམ་བཅས།།
གཉན་པོ་གསང་བཏཊ་མཆོད་པའི་ཡུལ་དུ་གཞཊ།།
ནང་དོན་རིག་པའི་ཐོག་མ་འདི་ནས་བཙུགས།།
འཕགས་ཡུལ་སྨན་པ་བྲམ་ཟེ་རྒྱུན་ཤེས་ཀྱི།།
སློབ་བུ་བི་བྱི་བི་ལྷ་དགའ་མཛེས་ལས།།
སྨན་གྱི་མདོ་རྒྱུད་རྩ་འགྲེལ་ཡང་དག་བླངས།།
གསོ་རིག་སྨན་གྱི་གཞུང་ལུགས་དེ་ནས་དར།།
བློ་གྲོས་མཆོག་ཏུ་མངའ་བའི་སྲོང་བཙན་གྱིས།།
རྣམ་དག་རིག་པའི་སྒོ་མོ་ལེགས་ཕྱེ་ནས།།
ཡིད་འོང་ཀུན་དགའི་གངས་རིའི་ལྗོངས་འདི་ན།།
མི་རིགས་བླ་སྲོག་རྩ་བ་བརྟན་པོ་བཙུགས།།
རིག་པའི་དཔྱད་སྟོབས་རྣོ་བའི་ཨ་ནུ་ཡིས།།
ཚ་གྲང་ཁྱད་དུ་བསད་ནས་རང་རིགས་ཁྲོད།།
ཕྱི་ནང་རིག་གནས་སྐད་ཡིག་ཚད་ལྡན་ཞིག །
སྒྱུར་བཟོ་གསར་གཏོད་ཡང་དག་དེ་ནས་མཛད།།
དེའི་ཕྱིར་གངས་ཅན་ས་ལའི་སྨན་ལྗོངས་སུ།།
ཕ་མེས་རྒྱལ་བློན་རྣམས་ཀྱིས་བཀའ་དྲིན་གྱིས།།
རང་རེའི་རིག་གཞུང་གསེར་གྱི་བཞུ་མར་དང་།།
འཇོལ་མོའི་བརྡ་དང་སྐད་ཀྱི་གཞུང་རྩ་བཙུགས།།
དེར་རྟེན་བློ་གསལ་གཞོན་ནུ་དཔྱོད་ལྡན་ཚོས།།
རིན་ཆེན་གཏེར་ལས་ལྷག་པའི་སྐད་ཡིག་འདི།།
རྒྱ་ཡིག་དབྱིན་ཡིག་བརྡ་འཕྲིན་མ་བསྲེས་པར།།
རང་རེའི་རིག་གནས་རོ་བཅུད་འཚོལ་དུ་ཤོག །
རང་རིགས་ཉམས་གུད་ཕྱིན་པའི་དུས་མཐའ་ན།།
བརྡ་སྤྲོད་གཞུང་དྲུག་དབང་མེད་ཆུ་ལ་ཤོར།།
ད་ལྟ་སུམ་རྟགས་གཉིས་ཀྱི་གཞུང་ལུགས་ལ།།
བློ་གསལ་རྣམས་ཀྱིས་སྦྱང་བརྩོན་བྱེད་ན་ལེགས།།
ཀ་ཁའི་དབྱངས་གསལ་སྙན་མོའི་རང་བཙན་དེ།།
ཁ་བའི་འབངས་མིས་གཅེས་སྐྱོང་ལེགས་བྱེད་ན།།
ག་ལེར་རང་དབང་བདེན་པའི་ཉི་ཟེར་རྣམས།།
ང་ཚོའི་མདུན་ནས་ཕྱོགས་བཞིར་ཀུན་ལ་འཆར།།
ཅ་ཅོའི་མཚན་སྒོར་ཙམ་ལ་མགོ་འཁོར་ནས།།
ཆ་ལུགས་ཚུར་མཐུན་སྤྱོད་བཟང་དོར་བས་ན།།
ཇ་ཆང་ཙམ་གྱི་མི་རིགས་རང་དབང་རྣམས།།
ཉ་མོ་ལྕགས་ཀྱུའི་ཕྱོགས་སུ་འཁོར་དང་མཚུངས།།
པ་སངས་དར་དཀར་འདྲ་བའི་རིན་ཆེན་ནོར།།
ཕ་མེས་དམ་པས་དཀའ་སྤྱད་ཤུལ་དུ་བཞག།
བ་གླང་སྤྱོད་པས་གཡང་སར་མ་གཡུག་པར།།
མ་འོངས་གངས་རིའི་ཟུངས་ཁྲག་འདྲེས་མ་ཡིན།།
ཙ་ལག་ཀུན་དང་མཉམ་དུ་གནས་འདོད་ན།།
ཚ་ཚ་འུར་འུར་རང་རིགས་རིག་གནས་ལ།།
ཛ་དྲག་གནས་སུ་ལྷུང་བའི་དུས་མཐའ་ནས།།
ཝ་ཁྱིས་སེང་ལྤགས་གྱོན་ལྟར་མ་མཛད་ལགས།།
ཞ་མོ་ཝ་ལྤགས་བསྒྱུར་བཟོ་བྱས་ནས་གྱོན།།
ཟ་མ་ཇ་འཐུང་སྤགས་བཟའ་ཙམ་གཡེང་ན།།
འ་ཅག་མི་རིགས་སྐད་ཡིག་ཚད་ལྡན་འདི།།
ཡ་མཚན་མི་དགོས་ནམ་ཞིག་རྩ་མེད་འགྱུར།།
ར་བ་གངས་རིའི་ལྗོངས་དང་ཁ་བྲལ་ནས།།
ལ་ལུང་རྒལ་ཚིགས་གྲངས་མེད་བརྒྱུད་སོང་ན།།
ཤ་ཁྲག་འདྲེས་མའི་རང་རིགས་སྐད་ཡིག་འདི།།
ས་སྟེང་འཚོ་སྐབས་རང་ཚོའི་མིང་བྱང་ཡིན།།
ཧ་ཅང་གནད་ལ་ཁེལ་བའི་དོན་མེད་ཀྱང་།།
ཧ་ལམ་དྲན་གསོ་ཙམ་ཞིག་ཡོད་ངེས་པས།།
ཨ་རོགས་སྙིང་གི་གྲོཊ་ཚོས་ལེཊ་དཔྱད་ནས།།
ཨ་ནུ་མི་ཆུང་དགོངས་དོན་བསྒྲུབ་ཏུ་བརྩོན།།
ཨ་ནུའི་རིག་པའི་དཔྱད་སྟོབས་རྣོན་པོ་ཡིས།།
མེས་པོའི་རྒྱལ་ཁབ་ཕྱོགས་བཞི་ཀུན་ལ་བསྐྱལ།།
འོན་ཀྱང་འགྲན་རྩོད་མཚན་སྒོར་འཚོལ་བའི་དུས།།
དབྱངས་གསལ་སོ་བཞིའི་བདག་པོ་དཀོན་པ་འདུག།
ཚིག་ཕྲད་བརྒྱད་བཅུ་བརྗོད་རུང་ལྷག་མ་དང་།།
ཆིག་ཁྲི་བདུན་སྟོང་ཞེ་ལྔ་འདི་དག་རྣམས།།
ད་སྐབས་བགྲང་བའི་དོན་གཉེར་གནང་མཁན་ནི།།
ཉིན་མོའི་སྐར་མ་ཇི་བཞིན་ཤིན་ཏུ་དཀོན།།
ད་ནི་མེས་ཕོའི་ཤུལ་འཛིན་རང་རིགས་ཚོས།།
ཤུལ་དུ་བཞག་པའི་སྐད་ཡིག་རིག་གནས་ལ།།
མི་དགོས་སྐྱོན་འདོགས་ཕྱོགས་སུ་མ་བཏང་པར།།
མི་རིགས་ཚེ་སྲོག་ཉམས་གསོ་བྱེད་ལ་རིམ།།
བཅུད་ལྡན་མེ་ཏོག་བཞད་པའི་དགའ་ཚལ་ན།།
རང་རིགས་གཡུ་སྦྲང་འཁོར་སའི་གེ་སར་འདི།།
ལྷད་མེད་བརྩེ་སེམས་གཙང་མས་མདུན་དུ་བསུ།།
མ་འོངས་མི་རིགས་གསར་པའི་སྤྱན་སྔར་འབུལ།།
རྒྱལ་ཁའི་རྔ་སྒྲ་སྒྲོག་པའི་རེ་འདུན་མེད།།
གཟེངས་བསྟོད་མེ་ཏོག་འཐོར་བའི་དགའ་སྤྲོ་མེད།།
དགུན་དུས་ཉི་ཟེར་འདྲ་བའི་སྐད་ཡིག་འདི།།
རང་རེའི་ཚེ་སྲོག་མཉམ་དུ་གཅེས་སྐྱོང་འདོད།།
ཤོག་ངོས་འདི་ཐེངས་ 371 བཀླགས་འདུག
སྡེ་ཚན།
སྙན་རྩོམ།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
རྩོམ་ཡིག་གསར་ཤོས།
ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99
ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...
མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87
ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...
བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97
ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...
བོད་ཀྱི་ས་ཐོག་ནས་དར་བའི་ནང་མ་ཞ…
བསྟན་པ་དར་ཕྱུག [གནད་ཚིག] ནང་མ། ཕོ་བྲང་ནང་མ། གམ་བཅར་ནང་མ། ནང་མའི་སྐྱིད་སྡུག །ནགྷ…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…