Tue 26 Nov 2013
རྨོངས་འཆར་བརྗོད་འདོད།
སེར་ལྷོ་ལྷ་རམས་པ་ངག་དབང་བསྟན་པ།
དུས་རབས་ཉེར་གཅིག་ནང་གི་རྐང་གཉིས་རྣམས་དུས་རབས་དང་མཐུན་པའི་མི་ཞིག་ཆགས་རྒྱུ་གལ་ཆེ།
དེ་ཆགས་པ་ལ་ཕྱོགས་གཅིག་གི་རེ་འདོད་ནི་ནོར་འཁྲུལ་ལོས་ཡིན།དེང་དུས་མི་ཞིག་ཡོང་བ་ལ་དང་པོའི་ཆ་རྐྱེན་དེང་དུས་ཀྱི་སློབ་སྦྱོང་བྱེད་སྟངས།དེང་དུས་ཀྱི་སྐད་ཆ་ཤོད་སྟངས།དེང་དུས་ཀྱི་འཚོ་བ་སྤྱོད་སྟངས་སོགས་ཀུན་ལ་རྣམ་དཔྱོད་བེད་སྤྱོད་དགོས་པ་ཞིག་མཐོང་།དང་པོ་དེང་དུས་ཀྱི་སློབ་སྦྱོང་སྐོར།སློབ་སྦྱོང་དེ་ལ་གོ་བ་འདྲ་མིན་ཡོད་ཀྱང་བསམ་ཚུལ་ཙམ་ཞིག་འགོད་པ།ང་ཚོ་བོད་པར་ཆག་བཞག་ན་ང་དགུའི་སྔོན་གྱི་ཡོངས་ཁྱབ་བོད་ཀྱི་སློབ་སྦྱོང་ལ་ངོས་འཛིན་གྱི་མེད།དེ་ལས་གཞན་གང་ཡོད་ཟེར་ན།གཙོ་བོ་མི་ལ་ཤིན་ཏུ་ནས་ཉེར་མཁོ་ཆེ་བའི་ཚན་རྩལ་གྱི་སྡེ་ཚན་ལ་གོ་དགོས།དེའི་ཞོར་དུ་ལུང་པ་གཞན་གྱི་སྐད་རིགས་ལ་ངོས་འཛིན་གྱི་ཡོད།དེ་གཉིས་གྱི་ཐོག་ནས་ཡར་ལ་འགྲོ་བ་དང་།མར་ལ་གུད་པ་གཉིས་ཀ་ཡོང་གི་ཡོད།དུས་རབས་འདི་ལ་རྒྱལ་ཁབ་དབར་གྱི་དབང་བསྒྱུར་དང་།མི་རིགས་ཕན་ཚུན་གྱི་མནར་གཅོད།སྐད་རིགས་ཁྱབ་གདལ་གྱི་བཙན་འཛུལ་སོགས་ཐམས་ཅད་ཀྱི་བྱེད་པ་པོ་ལྟ་བུར་ཆགས་ཀྱི་ཡོད།
དང་པོ་ཡར་ཐོན་མེད་པའི་ང་ཚོ་ལ་ཆ་བཞག་ན།བོད་ཟེར་དུས་དང་པོ་ནས་སྐྱོ་བོ་གཞན་གྱིས་དབང་སྒྱུར་བྱེད་ཆོག་ཆོག་དང་།མི་ཡི་བྲན་གཡོག་རྒྱུག་ཆོག་ཆོག་དེ་འདྲ་ཞིག་མ་རེད།ཆོས་རྒྱལ་མེས་དབོན་རྣམ་གསུམ་སྐབས་སུ་རང་ས་རང་བདག་ལོས་ཐུབ།ད་དུང་གཞན་གྱི་ལུང་པར་བཙན་འཛུལ་བྱེད་མྱོང་ཡོད།རྗེས་སུ་ཀླད་རྙིང་མཁྲེགས་བཟུང་དང་ཆོས་ཀྱི་གནས་ལུགས་དངོས་མ་ཤེས་པས་ལྷ་སྒྲུང་ཀླུ་སྒྲུང་གི་དུས་ལ་ཡོལ་ནས་གནས་བབས་འདི་ཆགས་པ་རེད།
གཉིས་པ་མི་རིགས་དབར་གྱི་མནར་གཅོད་ནི།ཆེ་ས་རང་ཡུལ་རང་དབང་མེད་པས་འུ་ཐུག་ཐབས་ཟད་ཀྱིས་འཆི་བ་སྲོག་ལ་ཡང་མི་འཇིགས་པའི་བྱ་སྤྱོད་ལག་བསྟར་བྱ་དགོས་ཆགས་ཀྱི་ཡོད།ཆུང་ས་ལུང་པ་མེད་པའི་མི་རྣམས་ནི་རང་འགུལ་གྱིས་སྔོན་ཐོན་རྒྱལ་ཁབ་ཀྱི་བྲན་གཡོག་རྒྱུག་ས་རག་ན་མི་འཇོན་པོར་ངོས་འཛིན་དགོས་པ་ཆགས་ཡོད།དེའི་མཇུག་འབྲས་མི་རིགས་རྩ་མེད་ཀྱི་བྱ་སྤྱོད་མཐའ་ཁྱོན་མུ་མེད་འབྱུང་གི་ཡོད།ད་ལྟའི་ཆར་བོད་པ་ཚོ་དེ་ལྟ་བུའི་ཉམས་མྱོང་ཕུན་སུམ་ཚོགས་པོ་མིག་ལྟོས་རྙེད་དུ་མེད་པ་ཞིག་ཆགས་ཡོད།
གསུམ་པ་སྐད་རིགས་ཁྱབ་གདལ་གྱི་བཙན་འཛུལ་ནི།ང་ཚོ་ཡུལ་ཕྱོགས་གང་སར་རང་ཡུལ་དང་རང་དབང་མེད་པས་རང་འདོད་ཀྱིས་བྲན་གཡོག་བརྒྱུགས་ནས་ཕ་མ་བོད་པ་ཡིན་ཡང་བུ་ཕྲུག་གིས་བོད་ཡིག་འབྲི་ཀློག་ཕར་ཞོག།རང་སྐད་གཙང་མ་རྒྱག་མི་ཐུབ་པའི་གནས་བབས་ལ་གཟིགས་ན་དཔོག་ནུས།ད་དུང་སྐད་རིགས་བཙན་འཛུལ་བྱེད་སྟངས་ཤིག་ལ།དེང་དུས་ཀྱི་སློབ་སྦྱོང་མེད་པས་སོ་སོས་ཅ་དངོས་གསར་པ་སྣེ་གཅིག་བཟོ་སྐྲུན་མི་ཐུབ།གཞན་གྱིས་གསར་བཟོའི་དངོས་པོ་ལ་ལུང་པ་དེའི་སྐད་ཀྱི་མིང་ཚིགསོ་སོའི་ཡུལ་སྐད་དང་མཐུན་པ་ཡིག་གཟུགས་སུ་འགོད་མ་ཐུབ་ཚེ་བརྗོད་བདེ་མེད་པའི་དཀའ་ངལ་ནི་རྒྱུན་ལྡན་གྱི་ཚོར་བ་ཞིག་རེད། སྡེ་ཚན་གཉིས་པ་ཞོར་འཕྲོས་ནི།ད་དུང་གཞན་གྱིས་ཡར་རྒྱས་གཏོང་སྟངས་སོགས་དཔྱད་ཞིབ་བྱེད་རྒྱུ་དེ་དེང་དུས་ཀྱི་སློབ་སྦྱོང་ལ་ངོས་འཛིན་གྱི་ཡོད།གཞན་གྱི་སྐད་རིགས་མ་ཤེས་ན་དེ་དང་དེའི་རྣམ་དཔྱོད་བེད་སྤྱོད་གཏོང་སྟངས་ལ་དཔྱད་ཞིབ་ཟེར་བ་ནམ་མཁའི་མེ་ཏོག་རེད།གཞན་གྱིས་ལས་ཀ་བྱེད་སྟངས་སྐོར་ལ་ཉམས་ཞིབ་གཏན་ནས་མ་བྱེད་ན།བོད་ཀྱི་མི་དྲག་ཁ་ཤས་ཀྱིས་དམག་ཆེན་གཉིས་པ་མཇུག་བསྒྲིལ་ནས་དུས་བདེ་ལྷིང་འཇགས་ཟིན་སྐབས།དམག་འཁྲུག་དེ་ག་དུས་ལོང་ཡོང་ལབ་རབས་ཡང་ཡོད།མ་ཟད་བོད་པས་མཉམ་སྦྲེལ་རྒྱལ་ཚོགས་རྐུབ་སྟེགས་རག་དང་མ་རག་སྐོར་གཏམ་དཔེ་མང་པོ་ཡོད།
གཉིས་པ་དེང་དུས་ཀྱི་སྐད་ཆ་ཤོད་སྟངས་ནི།གནད་གཅིག་རེད།ང་ཚོའི་སྤྱི་ཚོགས་ནང་ལ་སྐད་ཆ་སྙན་པོ་ཤོད་མི་ཤེས་མཁན་གྲངས་ཀྱིས་ལོང་གི་མེད།དེ་ནི་ནོར་འཁྲུལ་རེད།སོ་སོ་འགྲིམ་འགྲུལ་དང་སྡོད་གནས་ག་པར་ཡིན་ཡང་མི་དང་སྐད་ཆ་ཤོད་སྐབས་ཚིག་སྙན་པོ་བེད་སྤྱོད་དགོས།དེའི་འབྲས་བུ་གཞན་གྱིས་རང་ལ་དགའ་བོ་དང་སུས་མཐོང་ན་ཡང་དེ་དང་མཉམ་དུ་འགྲོ་སྡོད་དགའ་བོ་བྱེད་ཀྱི་ཡོད།མཐཪ་གཏུགས་ན་སོ་སོའི་ཁེ་བཟང་རང་ཡིན།རིགས་ཅིག་གིས་མི་སུ་ཡིན་ལ་གཏམ་སྡུག་པའི་རིགས་མ་གཏོགས་གཏན་ནས་ཤོད་ཀྱི་མེད།
མཐར་སོ་སོ་གཅིག་པུ་གྲོགས་མེད་ཁེར་རྐྱང་ལྷག་ཀྱི་ཡོད།དེ་ནི་སོ་སོས་བྱས་པའི་འབྲས་བུ་རེད།གནའ་སྔ་མོ་ཡིན་ན།སྐད་ཆ་རྫིག་པོ་དང་སྐད་སྦོམ་པོ་བརྒྱབ་ན་ལུང་ཁུག་གི་མི་དེ་ཚོ་ཞེད་སྣང་ཡོང་གི་ཡོད།དེ་རིང་ཁ་སང་དུས་ཚོད་དེ་རྫོགས་ཚར་བ་རེད།ད་དུང་མི་རིགས་གཅིག་གིས་ལུང་ཁུག་གི་ལྟ་གྲུབ་རྒྱབ་ཏུ་ཁུར་ནས་ཁོ་རེ།གཅིག་གཅིག་ཟེར་ནས་མིག་དེ་ཚོ་ལྟ་སྟངས་མི་འདྲ་བ་ཞིག་བྱེད་ཀྱི་ཡོད།རྣམ་དཔྱོད་ཡོད་རིགས་ཚོས་མཐོང་དུས་གད་མོ་ཤོར་གྱི་རེད།དོན་དངོས་ཀྱི་བློ་ཁོག་ཡོད་ན།དང་པོ་སློབ་སྦྱོང་བྱེད་པ་ལ་སྙིང་རུས་དགོས་པ།གཉིས་པ་བྱ་གཞག་བསྒྲུབ་པ་ལ་ཐུབ་སེམས་ཀྱི་སྤོབས་པ།གསུམ་པ་མི་མང་དཀྱིལ་དུ་སོ་སོའི་ལྟ་གྲུབ་ཕྱི་ལ་སྟོན་ཐུབ་པའི་གཏམ་བཤད་ནུས་པ།བཞི་པ་བྱ་བ་ཆེ་ཕྲ་ག་འདྲ་ཡིན་ཡང་འཇུ་ཕོད་པ་ཞིག་ཚང་ན་བློ་ཁོག་རེད།གཞན་མ་གཏོགས་གཏམ་ཚིག་གསུམ་ལབ་ལོན་མེད་པར་གྲི་འགོ་ཕུར་བ་དང་།དོན་ཆེ་ཆུང་མེད་པར་ཕུ་ཐུང་རྫེ་བ་སོགས་བྱེད་པ་ནི།མི་ཡི་གཟུགས་ལ་ལུག་གི་རྣམ་ཤེས་རང་ཆས་སུ་ཆགས་པ་རེད།
ས་བཅད་གསུམ་པ་རགས་རིམ་ཙམ་ཞིག་ཤོད་འདོད་ཀྱང་།དུས་དེབ་འདི་སྡེ་ནགས་ཤོད་འབྲི་རུའི་་སློབ་གཉེར་བ་ཀུན་གྱིས་ཐོབ་ཐང་ལེན་སའི་ཁུལ་ཡུལ་ཡང་དག་ཅིག་ཡིན་པས།མི་གཅིག་གིས་ཧམ་སེམས་ངོམས་མེད་ལོངས་སུ་སྤྱོད་རྒྱུ་དེ།ནོར་བ་ཡིན་པ་ངོས་འཛིན་ཐུབ་སོང་།
༡ དྭངས་གཙང་ལྷད་མེད་བོད་དོན་སྙིང་ལ་བསྐྱངས།།
༢ བཀའ་དྲིན་བརྗོད་མེད་མེས་པོའི་རྒྱུན་འཐུད་ཆེད།།
༣ ཐབས་ཇུས་ཕུལ་བྱུང་དུས་དེབ་ལས་ལ་རོལ།།
༤ ནགས་ལྷའི་སྒྲོན་མེའི་རྩོམ་སྒྲིག་པ་རྣམས་བསྟོད།།
༡ རང་ཡུལ་བྲལ་བའི་སྤུན་གྲོགས་ཚོས།།
༢ སོང་དང་ཤི་གཉིས་ཁྱད་ཤེས་ཆེད།།
༣ དུས་དེབ་གསལ་བའི་མེ་ལོང་ཐོག།།
༤ སྣག་ཚའི་ཐིགས་པ་བརྒྱབས་པ་ལེགས།།
ཤོག་ངོས་འདི་ཐེངས་ 379 བཀླགས་འདུག
སྡེ་ཚན།
བསླབ་བྱ།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
སྣ་ཚོགས་གསར་ཤོས།
བུད་མེད་ཀྱི་ནུས་སྟོབས།
སྡེ་ཚན། རྒྱུན་ཤེས། | ཟླ་ཚེས་ 28-07-2023 | ཀློག་གྲངས། 101
ནགས་ཤོད་ཅོང་བརྡ། རྫ་ཁྲ་ཡག་འབྲོང་ལམ་གོང་མ་ལ། ། འབྲོང་མི་ཐར་ཁ་བའི་འགག་སྒོ་ཞིག ། རྩོམ་འདིའ... བཀླགས་འཕྲོ...
ནགས་ཤོད་འབྲི་རུའི་གཏམ་དཔེ།
སྡེ་ཚན། རྒྱུན་ཤེས། | ཟླ་ཚེས་ 28-07-2023 | ཀློག་གྲངས། 102
སྡུད་སྒྲིག་པ། ནགས་རྒྱང་འབྲུག ༈ [1]གཏམ་རིན་ཆེན་སྣ་ལྔ་བསླབས་ཀྱང་མི་ཤེས། །འཇའ་ཁ་དོག་སྣ་ལྔ་དེ... བཀླགས་འཕྲོ...
ཁྱིམ་ཚང་གི་བདེ་ཐབས་སྐོར།
སྡེ་ཚན། བསླབ་བྱ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 94
དགའ་ཤར་ནགས་ཤོད་དགེ་བཤེས་ལྷ་རམས་པ་བློ་བཟང་ཕུན་ཚོགས། མི་ཚེའི་བདེ་སྐྱིད་དོན་དུ་གཉེར་མཁན་ཞིག་... བཀླགས་འཕྲོ...
རིས་མེད་བྱེད་དགོས།
འབྲོང་ངུར་ཕོ་ཉ། རིས་མེད་ཀྱི་ཐ་སྙད། རིས་མེད་ཅེས་པའི་ཚིག་འདི་ཕལ་ཆེར་བོད་རང་གིས་གས…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…