- མདུན་ངོས།
- རྩོམ་ཡིག
- ལྷུག་རྩོམ།
- ཤ་ཚ་བའི་སྙིང་གཏམ།
Thu 20 Feb 2014
ཤ་ཚ་བའི་སྙིང་གཏམ།
ནགས་གཡག
བོད་ལྗོངས་ཆབ་མདོ་དང་ཁྱུང་པོའི་འབྲིང་རིམ་སློབ་མ་ཁ་ཤས་ལ་ཨི་ཙི་ན་ཚ་ཡོད་པ་དང་།
ད་དུང་སྦྲ་ཆེན་དང་འབྲི་རུ་རྫོང་སོགས་ལ་ཁྱབ་བཞིན་ཡོད་པའི་གནས་ཚུལ་ཞིག་མཐོང་ཐོས་བྱུང་བས་འཇིགས་སྐྲགས་ཤིག་གིས་དབུགས་འཚང་པ་དང་མཉམ་དུ་སེམས་སྡུག་ཅིག་གི་མིག་ཆུ་ཞིག་ཅིའི་ཕྱིར་མི་ལྷུང་། རྒྱུ་མཚན་ནི་ནད་ངན་དེའི་སྟོབས་ཤུགས་དང་གནོད་ཚབ་ཀྱིས་སྤྱི་ཚོགས་ཤིག་དང་མི་རིགས་ཤིག་རྩ་མེད་བཟོ་རྒྱུ་ནི་རྩ་ཉག་མ་ཞིག་གི་སྐེད་གཅད་རྒྱུ་ལས་གཞན་ཅི་ཞིག་ཡིན། དེར་བརྟེན་སྤྱི་ཚོགས་ཤིག་དང་མི་རིགས་ཤིག་གི་བདེ་སྡུག་ལ་བསམ་བློ་ཡོད་མཁན་ཞིག་ཡིན་ན། གཏམ་ངན་དེས་དངངས་སྐྲགས་མི་སྐྱེ་མཁན་སུ་ཞིག་ཡོད། ངོ་མ་བདེན་པ་རེད། གཏམ་ངན་པ་ནི་ནམ་མཁའ་ལྟར་ས་གཞི་ཡོངས་ལ་ཁྱབ་ཡོང་དུས་མིག་དང་རྣ་བ་གཉིས་ལ་རང་དབང་སུ་ཡིས་སྟེར། ད་དུང་མི་མང་པོ་ཞིག་ལ། གནས་ཚུལ་དེའི་ཐོག་བསམ་བློ་གུ་དོགས་དང་ལྟ་སྟངས་ཐབས་སྡུག་ཅིག་ཡོད། དེ་ནི་སློབ་མ་དེ་ཚོ་ཆེས་སྤྱོད་ངན་ཞིག་དང་ཞབས་འདྲེན་ཞིག་ཡིན་པར་འདོད་བཞིན་པ་དེ་ཡིན། དོན་དངོས་ཐོག་སོ་སོའི་ལྟ་སྟངས་དེ་དང་བསམ་བློ་དེ་ཆེས་ཐབས་སྡུག་ཅིག་ཡིན་པ་ཚོར་གྱི་མེད། སྤྱིར་བཏང་འཛམ་གླིང་འདིར་ཕོ་མོའི་འཁྲིག་སྤྱོད་ནི་གསང་བ་ཞིག་དང་ངོ་ཚ་ཞིག་མིན་པར་རྒྱུན་ལྡན་གྱི་འཚོ་བའི་ཆ་ཤས་མེད་ཐབས་མེད་པ་ཞིག་ཡིན། དེ་ཙམ་དུ་མ་ཟད་ད་ལྟའི་ཆར་ལོ་ཆེ་ཆུང་གང་ཡིན་རུང་འཁྲིག་སྤྱོད་བྱེད་ཐུབ་མཁན་ཞིག་ཏུ་གྱུར་རྗེས། འཁྲིག་པ་སྤྱོད་པ་ནི་རང་གིས་རང་ལ་དབང་བའི་འཚོ་བའི་ཆ་ཤས་ཤིག་བླངས་པ་ལ། སྤྱི་ཚོགས་ཕལ་ཆེ་བར་ཡོངས་ཁྱབ་དང་ངོས་འཛིན་གསལ་པོ་ཡོད། དེར་བརྟེན་འབྲིང་རིམ་སློབ་མ་ཙམ་དུ་མ་ཟད་སློབ་ཆུང་སློབ་མ་ལ་ཡང་བྱ་བ་དེ་རིགས་ལ་འཇུག་མཁན་ནི་འཛམ་གླིང་འདིར་གྲངས་ཀ་སུ་ཡིས་ཐུབ།
དེའི་ཕྱིར་ཁྱོད་ཚོ་ལ་ཨི་ཙི་ན་ཚ་བྱུང་བ་ནི་ཁྱོད་ཚོ་ལམ་འགྲོ་མ་རྒྱུགས་པ་ཙམ་ལས། དེ་ནི་ཁྱོད་ཚོའི་ནོར་འཁྲུལ་ཆེན་པོ་ཞིག་དང་ངོ་ཚ་ཐབས་སྡུག་ཅིག་རྩ་བ་ནས་མིན། རྒྱུ་མཚན་ནི་ང་ཚོའི་སྤྱི་ཚོགས་འདི་ལ་ཡ་རབ་བཟང་སྤྱོད་དང་ངོ་ཚ་བཀའ་ཁྲེལ་ཡིན་མདོག་གི་བྱེད་ལུགས་ཤིག་བོད་ཀྱི་བུ་མེད་སྤྱི་དང་ལྷག་པར་དུ་བུ་མོ་ལོ་ཆུང་རྣམས་ལ་ཡོད། དེའི་དབང་གིས་ལུས་འབྲེལ་བྱེད་ལུགས་བྱེད་སྟངས་མི་ཤེས་པ། དེའི་སློབ་གསོ་དང་ཁོར་ཡུག་མེད་པ། ད་དུང་ཡོ་ཆས་དེ་བེད་སྤྱོད་མཁན་ལ་སོ་སོའི་སྤྱི་ཚོགས་ཀྱི་ལྟ་སྟངས་ལོག་པ་སོགས་ཀྱིས་ཁྱོད་ཚོ་ལ་ཨི་ཙི་ན་ཚ་དབང་མེད་དུ་ན་རུ་བཅུག་ཡོད།
དངོས་གནས་ཁྱོད་ཚོ་ལ་ཁག་མེད། བསམ་བློ་ཞིབ་ཚག་ཅིག་བཏང་ན། ད་དུང་ན་ཚ་དེ་ནད་པ་བུ་མོ་ཁྱོད་ཚོ་ལས་ན་ཚ་དེ་ཁྱེར་ཡོང་མཁན་གྱི་བུ་དེ་ཚོ་ནག་ཉེས་ཤིན་ཏུ་ཆེ། གང་ཡིན་ཟེར་ན་ན་ཚ་འདི་ནི་བོད་མི་རིགས་སྤྱི་དང་ལྷག་དོན་བོད་ལྗོངས་གསར་པ་ལ་ཕུལ་བའི་ལེགས་སྐྱེས་ཡིན་པས་ལེགས་སྐྱེས་དེ་ང་ཚོའི་བུ་འཇོན་པོ་ཚོ་ལ་མ་གཏོགས་བུ་མོ་ཚོ་ལ་རག་དོན་ཕལ་ཆེར་མེད། དེར་བརྟེན་ངས་འདི་ནས་ནད་པ་བུ་མོ་དེ་ཚོ་ལ་ལྷད་མེད་ལྷག་བསམ་ཞིག་གིས་དྲངས་པའི་མིག་ཆུ་རིལ་བུ་ཁ་ཤས་ཤིག་དང་སྡུག་སེམས་མཉམ་སྐྱེད་མཚོན་པའི་མྱ་ངན་གུས་འདུད་ལན་མང་བྱས་ཡོད།
ད་དུང་ང་ཚོའི་སྤྱི་ཚོགས་སུ་ཕོ་མོ་གཉིས་ལུས་འབྲེལ་བྱེད་སྐབས་འགྱིག་ཤུབ་བེད་སྤྱད་ན་ཕན་ཚུན་ཡིད་ཆེས་མེད་པ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། གནས་སྟངས་སྡུག་པོ་དེ་འདྲ་དར་ཁྱབ་ཆེན་པོ་བྱུང་བ་ལོས་ཡིན། ཐུགས་བསམ་ཡག་པོ་ཞིག་ཞེས་དང། རྩ་བའི་ཆ་ནས་འདོད་ཁམས་ཀྱི་མི་ལ་གོང་བླ་མ་དཔོན་པོ་ནས་དམའ་གཡོག་པོ་གཡོག་མོ་ཡན་ཆད། བྱ་བ་དེ་ལ་མི་དགའ་མཁན་ནི་དགྲ་བཅོམ་ལ་མ་གཏོགས་སུ་ཞིག་མེད་པས་བུ་མོ་ཚོ་ཡང་ངོ་ཚ་དགོས་མེད། ད་དུང་འགྱིག་ཤུབ་ཁྱེར་ཡོང་མཁན་ནི་བསམ་བློ་ཡར་ཐོན་དང་། སྤྱི་ཚོགས་འགན་ཁུར་ཡོད་མཁན་ཞིག་ཡིན་པས་གཉིས་ཀའི་བདེ་འཇགས་ལ་བསམ་བློ་བཏང་ཡོད། དེས་ན་གནོད་ཤུགས་འོག་ཏུ་མགོ་བོ་མི་བསྒུར་པར་བྱེད་ལུགས་བྱེད་སྟངས་དེ་ཚོ་ཡག་པོ་ཞིག་ཤེས་ནས། ལག་ལེན་སྟར་རྒྱུ་ནི་ཁྱོད་རང་དང་ཁྱོད་རང་གི་སྙིང་ཉེ་བའི་འབྲེལ་ཡོད་ཚང་མ་ཡག་པོ་ཞིག་འཚོ་དགོས་པས་ཅི་ལ་མིན། འདི་ནི་ཁྱོད་རང་ནས་སྤྱི་ཚོགས་དང་། སྤྱི་ཚོགས་ནས་མི་རིགས། མི་རིགས་ནས་རྒྱལ་ཁབ། རྒྱལ་ཁབ་ནས་འཛམ་གླིང་རིལ་བོ་འདི་ལ་ཁྱབ་སྤེལ་གཏང་རྒྱུ་ནི་འགན་འཁྲི་ཞིག་ཡིན་ལ། དེ་ལ་བཟང་པོའི་སྤྱོད་པ་ཀྱང་ལོས་ཟེར།
གནས་ཚུལ་ཐབས་སྡུག་རེ་བྱུང་བའི་སྐབས་སུ་སྡུག་སྐད་འདོན་པ་དང་། ཟུར་ཟ་བྱེད་པ། ཚིག་མཚོན་འདེབས་པ་སོགས་ནི་ང་ཚོའི་རྒྱུན་ལྡན་གྱི་གོམས་སྲོལ་ཞིག་ཡིན་སྟབས། ངས་ང་ཚོ་བོད་རིགས་སྤུན་ཟླ་ཡོངས་ལ་རེ་སྐུལ་ནན་མོ་འགའ་མི་ཞུ་ཐབས་མེད་བྱུང་། ཡང་དེ་རིང་གི་གནས་ཚུལ་འདིའི་ཁྲོད་ཁྱོད་ཚོས་ནད་པ་བུ་མོ་ཚོ་ལ་སྡུག་སྡང་དྲག་པོ་ཞིག་བྱེད་ངེས་པས། གལ་ཏེ་ཁྱོད་ཚོ་བསམ་བློ་བ་ཞིག་དང་ལ་རྒྱ་ཅན་ཞིག་ཡིན་ཚེ། ངེས་པར་དུ་ནད་ངན་འདི་ང་ཚོ་མཐོ་སྒང་གི་མི་རིགས་ལ་ཁྱེར་ཡོང་མཁན་ངོ་མ་དེ་སུ་ཡིན་ཤེས་པར་བྱས་ཏེ། འཇིག་རྟེན་གྱི་དཔེ་ལ། འདྲེ་ཤར་སྒོ་ན་ཡོད་པ་ལ་གླུད་ནུབ་སྒོ་ལ་བཏང་ཞེས་པ་ལྟར་མ་ཡིན་པར། མདོར་ན་ཁྱོད་ཚོས་ནག་ཉེས་དེ་སུ་ལ་ཡོད་པའི་སྡིག་ཅན་གཏེ་བོ་དེ་ངོས་འཛིན་གསལ་པོ་ཐུབ་པ་བྱོས། དེ་ལ་ཁ་གཏད་དང་གདོང་ལེན་ཇི་ལྟར་བྱེད་དགོས་མིན་ལ་ཐུགས་བསམ་བཞེས་རོགས་གནོངས་ཞེས་ལག་གཉིས་ཐལ་མོ་སྦྱར་ཏེ་གསོལ་བ་ཤུགས་དྲག་འདེབས་བཞིན་ཡོད།
མ་ཚད་ད་ལྟའི་དུས་ཚོད་ཉག་ཕྲ་འདི་ལ་མང་པོ་ཞིག་གི་སྙིང་སྟོབས་དང་ལྷག་བསམ་གྱིས་གང་ཞིག་བྱས་ཡོད་མེད་ང་ཅག་ཚང་མའི་མིག་སེམས་གཉིས་ལ་ཁྲ་ལྷམ་མེར་ཡོད། དེར་བརྟེན་ང་ཚོས་ཀྱང་ཁོང་རྣམ་པའི་རེ་འདུན་དང་མངོན་འདོད་དེ་དག་ཡིད་ལ་བཟུང་ནས། བོད་རིགས་ཡོངས་རྫོགས་ཆིག་སྒྲིལ་གྱིས། ན་ཚ་འདི་རིགས་ཡོད་པའི་བོད་མི་ཡོད་དོ་ཅོག་དང་བོད་རིགས་ཉམ་ཐག་ཡོངས་རྫོགས་ལ་ལྷག་བསམ་དྲི་མ་མེད་པ་ཞིག་གི་ཐོག་ནས། རང་ནུས་གང་ཡོད་ཀྱིས་རོགས་རམ་དང་སྡུག་སེམས་མཉམ་སྐྱེད་བྱེད་རྒྱུ་ནི་གཟུར་དུ་མེད་པའི་ལས་འགན་ཞིག་ཅི་ལ་མིན། ཡང་འགའ་ཤས་ཀྱི་བསམ་བློ་མ་ཐོན་པ་དང་གོ་བ་ལོག་སྒྲུབ་ཀྱིས་བྱ་སྤྱོད་སྣ་ཚོགས་ཤིག་བྱ་སྲིད་པས། དེ་དག་ལ་ཁ་བརྡ་བསླབ་བྱ་མཐར་ཕྱིན་པ་བྱ་རྒྱུ་ནི་ཤེས་ལྡན་མི་སྣ་དང་རྒན་རབས་རྣམས་ཀྱི་ལས་འགན་ཞིག་ཏུ་ཐུགས་བསམ་བཞེས་དགོས།
ལྷག་པར་དུ་ནད་པ་བུ་མོ་ཚོས་བློ་སྟོབས་བསྐྱེད་དེ་སེམས་སྡུག་མི་བྱེད་པ་དང་། རང་ཉིད་ཀྱི་ན་ཚ་གཞན་ལ་གསང་བ་མི་བྱེད་པ། ལ་རྒྱ་དང་སྙིང་སྟོབས་ཀྱིས་དབུ་འཕང་དགུང་ལ་བཏེགས་ཏེ་རང་ཉིད་ཕམ་ཟིན་ས་དེར་སླར་ཡང་རང་གི་མི་རིགས་འདི་ཕམ་དུ་མི་འཇུག་རྒྱུའི་དམ་བཅའ་དང་ཆོད་སེམས་བརྟན་པོ་ཞིག་འཇོག་དགོས། གནས་སྟངས་ཐབས་སྡུག་དེ་འདྲ་ཞིག་གི་འོག་ནས་སྙིང་སྟོབས་དང་ཆོད་སེམས་དེ་འདྲ་ཞིག་བྱུང་ན། དེ་ནི་དགེ་རྩ་རླབས་ཆེན་ཞིག་དང་། ངེད་ཅག་བོད་པ་ཚང་གི་གཟི་བརྗིད་དང་སྤོབས་པ་ཆེན་པོ་ཞིག་ལོས་
མདོར་ན་ང་ཚོ་བོད་རིགས་ཡོད་དོ་ཅོག་གཉིད་ལས་སངས་ཏེ་རིག་པ་བསྒྲིམ་དགོས། མདོར་ན་ང་ཚོ་བོད་རིགས་ཡོད་དོ་ཅོག་གིས་ཕམ་ཉེས་ཀྱི་རྩ་བ་འཚོལ་དགོས་ལ་ཤེས་ཀྱང་དགོས། མདོར་ན་ང་ཚོ་བོད་རིགས་ཡོད་དོ་ཅོག་གིས་མཁས་མདོག་གིས་ཟིང་མི་བསླང་པར་ཆིག་སྒྲིལ་གྱི་གོམ་ཁ་བསྒྲིག་དགོས། མདོར་ན་ང་ཚོ་བོད་རིགས་ཡོད་དོ་ཅོག་གིས་ལོ་གཅིག་གི་ཉིན་གཅིག་དང་། ཆུ་ཚོད་གཅིག་གི་སྐར་མ་གཅིག་ནས་འགོ་གཙུགས་ཏེ། ཕོ་རྒོད་མདོག་གི་དཔའ་རྩལ་མ་ཡིན་ཀྱང་ཤི་རན་ཁའི་འཕག་ཚགས་ཤིག་ཅིས་ཀྱང་བརྒྱག་དགོས་སོ།
ཤོག་ངོས་འདི་ཐེངས་ 372 བཀླགས་འདུག
སྡེ་ཚན།
ལྷུག་རྩོམ།
ནགས་ལྷ་དྲ་མཛོད།
ཁ་བ་གངས་ཅན་པའི་རིག་གཞུང་བཟང་པོ་རྣམས་མི་ཉམས་རྒྱུན་གནས་དང་། གནས་པ་གོང་འཕེལ་གྱི་ལམ་དུ་འཇུག་པ་ལ་འཛམ་གླིང་སྤྱི་འགྲོས་ལྟར་བརྡ་འཕྲིན་གློག་རླབས་དང་འགྲོགས་ནས་མདུན་བསྐྱོད་བྱ་དགོས་པ་ནི་དུས་རབས་དང་མཐུན་པའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ཡིན། དེར་བརྟེན་ང་ཚོས་གནའ་དེང་ཟུང་དུ་འབྲེལ་བའི་རིག་གཞུང་གི་ཆ་ཤས་སྣ་མང་འདུས་པའི་བང་མཛོད་ལྟ་བུ་(ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད།)འདི་གཉེར་བ་ཡིན། འདིའི་ནང་དུ་དཔྱད་རྩོམ་དང་སྒྲུང་རྩོམ། སྙན་རྩོམ་དང་བསྒྱུར་རྩོམ་སོགས་རྩོམ་ལུས་མི་འདྲ་བ་དུ་མའི་སྒོ་ནས་ནང་ཆོས་དང་ཚན་རིག་སོགས་གནའ་དེང་གི་རིག་པའི་གནས་ལ་འགྲེལ་བཤད་སོགས་སྣ་མང་རྩོམ་ཡིག་དང་། གཞུང་ཆེན་ཁག་དང་བརྡ་སྤྲོད་སོགས་འཆད་ཁྲིད་ཀྱི་སྒྲ་འཇུག །གཞན་ཡང་བརྙན་དང་པར་སོགས་མང་པོ་ཞིག་བཅུག་ཟིན་ལ་ད་དུང་མུ་མཐུད་འཇུག་ཐུབ་པའི་འབད་བརྩོན་བྱེད་བཞིན་ཡོད།
གསར་ཤོས་དག : ནགས་ལྷ་དྲ་མཛོད།
དཔྱད་མཆན་འགོད་ས།
རྣམ་དཔྱོད་མཚུངས་མེད་ཀློག་པ་པོ་རྣམ་པས་ནགས་ལྷ་གནའ་དེང་ཟུང་གི་རིག་གཞུང་འཛིན་སྐྱོང་དྲ་མཛོད་ལ་དཔྱད་མཆན་སྤེལ་བ་གུས་བསུ་ཞུ། ཡིན་ནའང་སྤྱི་སྒེར་གང་ལ་ཕན་མེད་ཀྱི་དམོད་ཚིག་སོགས་བཀག་འགོག་གི་དབང་ཚད་དྲ་རྒྱ་འཛིན་སྐྱོང་བ་་ལ་ཡོད་པས་དེ་དོན་དགོངས་དབྱིངས་སུ་མངའ་བ་མཁྱེན།
གཤམ་གྱི་རྟགས་འདི(*)ཅན་གྱི་བར་སྟོང་རྣམས་ངེས་པར་འགེང་དགོས།
རྩོམ་ཡིག་གསར་ཤོས།
ཡ་བཏགས་ལ་དཔྱད་པ་མེས་པོའི་ཞལ་ལུ…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 99
ནགས་ཤོད་སྐལ་རྒྱན། བསླབ་ལ་བརྩོན་པའི་གང་ཟག་གིས། ། དང་པོ་ང་རོ་རྣམས་ལ་སྦྱངས། ། སྔོན་འཇུག་མི... བཀླགས་འཕྲོ...
མཛོད་ལུགས་འདུས་མ་བྱས་ཀྱི་གྲངས་…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 87
ནགས་ཀྱི་ཤིང་ལོ། བརྩེ་ཆེན་ཐུགས་རྗེའི་ཐབས་ཀྱིས་འགྲོ་རྣམས་ཞི་བར་བགྲོད་པའི་ལམ་བསྟན་ནས། ། དྲི... བཀླགས་འཕྲོ...
བོད་ཀྱི་སྐད་ཡིག་དང་འབྲེལ་པའི་༸…
སྡེ་ཚན། དཔྱད་རྩོམ། | ཟླ་ཚེས་ 28-07-2023 | ཀློག་གྲངས། 97
ནག་པོ་བཀྲ་ཤིས། [ནང་དོན་གནད་བསྡུས།] དཔྱད་རྩོམ་འདི་ཉིད་ཀྱི་བརྗོད་དོན་གཙོ་བོ་ནི་དུས་རབས་ཉི་ཤ... བཀླགས་འཕྲོ...
བོད་ཀྱི་ས་ཐོག་ནས་དར་བའི་ནང་མ་ཞ…
བསྟན་པ་དར་ཕྱུག [གནད་ཚིག] ནང་མ། ཕོ་བྲང་ནང་མ། གམ་བཅར་ནང་མ། ནང་མའི་སྐྱིད་སྡུག །ནགྷ…
མཆན་གསར་ཤོས།
- ནགས་ཤོད་ནགས་ལ་ས་མཐའ་ཡོད་ཀྱང་ཆོག་ལ་མེད་ཀྱང་རུང་། རྩོམ་ཡིག་འདིའི་ནང་གི་རྒྱབ་རྟེན་ལུང་དང་སྒྲུབ་བྱེད་རིགས་པ་གཉིས་ལ་བལྟས་ན་ས་མཐའ་ཡོད་པའི་ཕྱོགས་ལ་ཉེ། རྩོམ་པ་པོ། : མི་ནག་མདུང་ཐུང་། on Thu 23 Aug 2018 ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ། (དཔྱད་རྩོམ།)
- དྲིས་ལན་གཟུར་གནས་དགྱེས་པའི་གཏམ་དྲིས་ལན་བཅུ་བརྒྱད་པོ་གནད་ལ་ཕིགས་པའི་དྲིས་ལན་གནང་འདུག་སྙིང་ནས་བཀའ་དྲིན་ཆེ། རྩོམ་པ་པོ། : མིང་འདིར་བྲིས། on Thu 31 May 2018 དྲིས་ལན་གཟུར་གནས་དགྱེས་པའི་གཏམ། (བརྒལ་བརྟག)
མཆན་མང་ཤོས།
-
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན།
ནགས་ཤོད་ནི་ཚོ་པ་དགུ་ལས་གྲུབ་པ་ཞིག་ཡིན། ནགས་ཤོད་ཚོ་དགུ་ནི།…
-
ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ།
དགའ་ལྡན་སྙན་བརྒྱུད་སྤྲུལ་པའི་གླེགས་བམ་ལ་བརྟེན་ནས་གསར་རྩོམ་ཞབས་བརྟན་ཆེན་མོ་ནོར་བུའི་རྒྱ་མཚོ་བཞུགས་སོ།། ན་མོ་གུ་རུ་ཛཱ་ཡ་ཨིཎྜ་ཡ།…
-
དེ་རིང་།
ནགས་ཀྱི་ཤིང་ལོ་ནས། མེ་ལྟར་ཚ་བའི་ཉི་མ་དེས།།ས་གཞི་འདི་ཡང་འབར་རམ་ཅི།།བར་སྣང་ལས་ཀྱས་མེ་འོད་འཕྲོས།།རྐང་འཐུང་ཚོགས་རྣམས་ཉོབ་ཅིང་དུབ།།…
-
དྲིས་ལན་གཟུར་གནས་དགྱེས་པའི་གཏམ།
ཀླུ་སྒྲུབ་བསྟན་པ་ལྗོངས་འདིར་སྤེལ་བ་ལ།།གངས་ཅན་མཁས་པ་ཡོངས་ཀྱི་ཅོད་པཎ་ཞེས། །…
-
ནགས་ཤོད་ཅེས་པའི་ནགས་ལ་ས་མཐའ་ཡོད་མེད་དཔྱད་པ།
འབྲི་རུ་སྐལ་བཟང་རྒྱལ་མཚན། སྟོན་པ་མཆོག་དང་འཕགས་བོད་པཎ་གྲུབ་སྤྱི།།མེས་དབོན་རྣམས་ལ་གུས་པས་རབ་བཏུད་ནས།།ནགས་ཤོད་ནགས་ལ་ས་མཐའ་ཡོད་མེད་ཀྱི།།དགག་སྒྲུབ་གཏམ་གྱི་སྦྱོར་བ་མདོ་ཙམ་སྤེལ།།…