ནགས་ལྷ་རྩོམ་སྒྲིག་ཁང་།

མཚོ་བྱུང་མགྲིན་པར་རོལ་ཞིང་རིགས་ཞེན་གྱི་སྙིང་སྟོབས་མཆོག་ཏུ་མངའ་བའི་རང་རིགས་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ།

ཆེད་ཞུ།

དེ་སྔོན་ང་ཚོ་རང་རིགས་ཡོངས་ཀྱིས་ཕྱར་གྲུ་མཉམ་འདེགས་ཀྱི་སྒོ་ནས་དུས་དེབ་དང་དྲྭ་རྒྱ། དེ་བཞིན་བརྡ་སྤྲོད་རིག་པའི་བགྲོ་གླེང་སོགས་ཁ་བ་གངས་ཅན་པའི་རིག་པའི་གཞུང་ལ་ཞབས་འདེགས་ཞུ་ཐུབ་པ་དང་། སྡེ་ལུང་པའི་མིང་དོན་ལ་ཕན་ཐུབ་པ། སྒེར་སོ་སོའི་སློབ་སྦྱོང་གི་གནས་ཚད་གོང་མཐོར་སྤེལ་ཐུབ་པ་བཅས་ཀྱི་ལས་རིམ་མང་པོ་ཞིག་ལག་ལེན་ཐོག་ཏུ་འཁེལ་ཐུབ་པ་དང་ལེགས་གྲུབ་བྱུང་ཡོད་པ་རེད། ལས་རིམ་དེ་དག་ནི་ང་ཚོ་ལུང་ཚན་བྱེ་བྲག་པ་ཞིག་གིས་འཐེན་འཁྱེར་བྱས་པའི་ལས་གཞི་ཞིག་མ་ཡིན་པར་བོད་སྤྱི་ཡི་རིག་གཞུང་ལ་ཞབས་འདེགས་ཞུ་སླད་ཚོགས་པ་དང་ལུང་ཚན། ཁྱིམ་ཚང་དང་མི་སྒེར་བཅས་ཀྱི་འགན་འཁུར་དགོས་པའི་གནད་དོན་རྣམས་དང་ལེན་བྱས་པ་ཞིག་ཡིན་པས་ང་ཚོས་སྤོབས་པ་དང་ལྡན་པའི་སྒོ་ནས་འགྲེལ་བཤད་རྒྱག་ཆོག་པ་ཞིག་ཡིན།

ད་ཆ་ལས་གཞི་གཞན་ཞིག་གི་ཐོག་ནགས་ལྷ་རྩོམ་སྒྲིག་ཁང་གི་ཚོགས་མི་རྣམས་བགྲོ་གླེང་བྱས་འབྲས་རྩོམ་ཡིག་འགྲན་བསྡུར་གྱི་ལས་རིམ་ཞིག་གོ་སྒྲིག་ཞུ་ཐུབ་པའི་རེ་བ་བྱེད་བཞིན་ཡོད། ལས་རིམ་དེ་འདྲ་ཞིག་གོ་སྒྲིག་ཞུ་དགོས་པའི་དམིགས་ཡུལ་དང་དགོས་པ། གཅིག་ནི་རྩོམ་པ་པོ་རྣམས་ཀྱི་རྩོམ་ཡིག་གི་གོ་རྟོག་ཡར་རྒྱས་ཀྱི་ལམ་དུ་ཞུགས་ནས་མི་རིགས་དང་ལུང་པའི་མཚན་དོན་ལ་ཕན་ཐུབ་པ་ཡོང་ཆེད་དང་།

གཉིས་ནི་སློབ་ཕྲུག་དང་། དགོན་སྡེ་ཁག་གི་ནང་དུ་བཞུགས་པ། དེ་མིན་གྱི་སྡེ་ཚན་ཁག་ག་འདྲ་ཞིག་གི་ནང་དུ་བཞུགས་པ་ཡིན་ཀྱང་མ་འོངས་པར་རྒྱལ་ཁབ་ཕྱི་ནང་ག་འདྲ་ཞིག་ཏུ་ཚོགས་པ་དང་སྡེ་ཚན་སུ་འདྲ་ཞིག་གིས་གོ་སྒྲིག་བྱས་པའི་ཟབ་སྦྱོང་དང་བགྲོ་གླེང་། ཚོགས་འདུ་དང་རིག་གཅིག་རྐང་འཛིན་གྱི་ལས་གཞི་བཅས་ག་འདྲ་ཞིག་གི་ནང་དུ་འཛུལ་ཞུགས་བྱས་སྐབས་སོ་སོའི་ལོ་རྒྱུས་ངེས་པར་འབུལ་དགོས་པ་དང་། ལོ་རྒྱུས་དེ་དག་གི་ནང་དུ་ཟབ་སྦྱོང་དང་བགྲོ་གླེང་། རྩོམ་ཡིག་དང་གཏམ་བཤད་འགྲན་བསྡུར་བཅས་ཀྱི་ནང་དུ་ཞུགས་པ་སོགས་སློབ་སྦྱོང་གི་ནུས་པ་རྩལ་འདོན་བྱས་པའི་ལས་རིམ་ལ་ཇི་ཙམ་ཞུགས་མྱོང་བ་དེ་ཙམ་གྱིས་མཐོང་ཆེ་བ་དེ་སྔོན་གྱི་ཉམས་མྱོང་ལས་གསལ་བར་མཐོང་།

དེར་བརྟེན་དེ་འདྲའི་ལས་རིམ་ལ་ཕན་པ་རྒྱ་ཆེར་འགྲུབ་ཆེད་དུ་དམིགས་པ་ཞིག་ཡིན། ལས་གཞི་འདིའི་བརྒྱུད་རིམ་ནི་མ་འོངས་པར་ལོ་རྒྱུས་ཀྱི་བདེན་དཔང་དང་ཚད་འཛིན་མཚོན་བྱེད་གནས་རིམ་ཕྱེ་ནས་མཐོ་བ་རྣམས་ལ་ཕྱག་ཁྱེར་ཞིག་འབུལ་རྒྱུ་དང་དེའི་ཐོག་བོད་རིག་པའི་མཁས་དབང་འགའ་ཞིག་གི་མཚན་རྟགས་འགོད་ཐུབ་པའི་རེ་བ་དང་འཆར་གཞི་ཡོད།

ཞིབ་འཇུག་བྱེད་ཕྱོགས་ནི་ང་ཚོའི་ལུང་པའི་མི་ལ་རྒྱུས་ང་མེད་པའི་བོད་རིག་པའི་མཁས་དབང་འགའ་ལ་རེ་སྐུལ་ཞུ་རྒྱུ་ཡིན། བརྗོད་གཞི་བོད་ཀྱི་རིག་གཞུང་སྐོར་གྱི་སྙན་རྩོམ་ཤོ་ལོ་ཀ་ཉི་ཤུ་ནས་ཉེར་ལྔའི་བར་གྱི་གྲངས་ཚད་བྱེད་ཀྱི་ཡོད། དུས་ཚོད་ནི་སྤྱི་ཟླ་བརྒྱད་པའི་ནང་ཙམ་ལ་མཇུག་སྒྲིལ་བ་བྱ་རྒྱུ་དང་ཨང་རིམ་སོན་པ་འགའ་ཞིག་ལ་ཆེ་མཐོང་དང་ལེགས་སྐྱེས་འབུལ་རྒྱུ་ཡིན།

དེ་ལྟ་བུའི་འཆར་གཞི་ཅན་གྱི་ལས་གཞི་འདི་དངོས་སུ་ལག་སྟར་བྱེད་ཐུབ་མིན་ནི་མཉམ་ཞུགས་བྱེད་མཁན་གྱི་རྩོམ་པ་པོ་རྣམས་ལ་རགས་ལས་པས་ང་ཚོས་ཐོག་མར་མཉམ་ཞུགས་གནང་མཁན་གྱི་གྲངས་ཚད་བསྡུ་ན་འདོད། མཉམ་ཞུགས་གནང་མཁན་ནི་ཉུང་མཐར་མི་གྲངས་ཉི་ཤུ་ལོན་ན་ང་ཚོའི་ལས་གཞི་འདིའི་ཆ་རྐྱེན་གྱི་གྲངས་ཚད་ལོན་པར་བྱས་ནས་དངོས་སུ་ལགས་སྟར་བྱ་རྒྱུ་ཡིན། ལས་དོན་དེ་ཐག་ཆོད་མཚམས་ཞིབ་ཕྲའི་གནས་ཚུལ་དང་འཆར་གཞི་རིམ་འགོད་ཞུ་རྒྱུ་ལགས་ན་ཁྱེད་རྣམས་ཀྱིས་ཐུགས་ཁུལ་ཆེ་བཞེས་ཀྱིས་ལས་གཞི་འདི་ལ་མཉམ་ཞུགས་གནང་ཐུབ་པའི་རེ་བ་ཡོད།

འགྲན་བསྡུར་ནང་ཞུགས་འདོད་ཡོད་པ་རྣམས་ཀྱིས་་སྤྱི་ལོ་ ༢༠༡༣ ཟླ་བ་ ༤ ཚེས་ ༢༣ དང་བོད་ཟླ་ ༣ པའི་ཚེས་ ༡༣ ཏེ་ཉིན་བཅུའི་ནང་ཚུན་རྩོམ་སྒྲིག་པར་ངེས་པར་དུ་འབྲེལ་བ་གནང་རོགས།

 

འབྲེལ་ཐུག་བྱ་ཡུལ་ This email address is being protected from spambots. You need JavaScript enabled to view it.
རྩོམ་སྒྲིག་པའི་ཁ་པར་ཨང་གྲངས་
འབྲི་སྐལ་བཟང་ ༩༨༨༢༦༧༥༥༥༠
བློ་བཟང་ལྷུན་གྲུབ་ ༥༦༢༦༠༦༣༢༤༤
ནགས་ཤོད་སྐལ་རྒྱན་ ༩༨༨༠༡༣༩༢༣༧
ནགས་སྐལ་བཟང་རྒྱ་མཚོ་ ༩༩༤༥༢༦༠༦༧༦
སྤྱི་ལོ་ ༢༠༡༣ ཕྱི་ཟླ་ ༤ ཚེས་ ༡༣ ཉིན།

རྩོམ་ཡིག་འདི་ཐེངས་ 789 བཀླགས་འདུག

 

གསལ་བསྒྲགས།

༢༠༢༣ རྩོམ་བསྡུའི་གསལ་བསྒྲགས།

སྡེ་ཚན གསལ་བསྒྲགས། | ཟླ་ཚེས་ 14-07-2023 | ཀློག་གྲངས། 41

༄༅། །ཚང་མའི་དགོངས་མངའ་བཞིན་ང་ཚོས་ལོ་ལྟར་<<ནགས་ལྷའི་སྒྲོན་མེ་>>དུས་དེབ་འདོན་སྤེ... བཀླགས་འཕྲོ...

རྩོམ་བསྡུའི་གསལ་བསྒྲགས།

སྡེ་ཚན གསལ་བསྒྲགས། | ཟླ་ཚེས་ 17-04-2020 | ཀློག་གྲངས། 613

ཚང་མའི་དགོངས་མངའ་བཞིན་ང་ཚོས་ལོ་ལྟར་<<ནགས་ལྷའི་སྒྲོན་མེ་>>ཞེས་པའི་དུས་དེབ་འདོན་... བཀླགས་འཕྲོ...

ནགས་ལྷ་རྩོམ་སྒྲིག་ཁང་གི་བྱུང་ར…

སྡེ་ཚན གསལ་བསྒྲགས། | ཟླ་ཚེས་ 12-10-2019 | ཀློག་གྲངས། 841

ནགས་ལྷ་རྩོམ་སྒྲིག་ཁང་གི་བྱུང་རིམ།འབྲི་རུ་སྐལ་བཟང་རྒྱལ་མཚན། གོ་ལའི་ཡང་རྩེར་རང་བྱུང་ཁོར་ཡུག... བཀླགས་འཕྲོ...

གལ་ཆེའི་གསལ་བསྒྲགས།

སྡེ་ཚན གསལ་བསྒྲགས། | ཟླ་ཚེས་ 16-04-2018 | ཀློག་གྲངས། 661

ནགས་ལྷ་རྩོམ་སྒྲིག་ཁང་། མཚོ་བྱུང་མགྲིན་པར་རོལ་ཞིང་རིགས་ཞེན་གྱི་སྙིང་སྟོབས་མཆོག་ཏུ་མངའ་བའི་... བཀླགས་འཕྲོ...

རྩོམ་ཡིག་བསྡུ་ཕྱོགས་སྐོར་གསལ་བ…

སྡེ་ཚན གསལ་བསྒྲགས། | ཟླ་ཚེས་ 16-04-2018 | ཀློག་གྲངས། 722

ནགས་ལྷ་རྩོམ་སྒྲིག་ཁང་། རྣམ་དཔྱོད་ཀྱི་འཇུག་པ་མཆོག་ཏུ་ཡངས་ཤིང་ལྷག་བསམ་གྱི་བ་གམ་མངོན་པར་མཐོ་... བཀླགས་འཕྲོ...

དུས་དེབ་རྩོམ་བསྡུའི་གསལ་བསྒྲགས…

སྡེ་ཚན གསལ་བསྒྲགས། | ཟླ་ཚེས་ 16-04-2018 | ཀློག་གྲངས། 560

༄༅ ། ། མཁྱེན་པའི་སྤྱན་དཀྱུས་མཁའ་ལྟར་ཡངས་པའི་རང་རིགས་རྩོམ་པ་པོ་རྣམས་ཀྱི་སྙན་ལམ་དུ། ཆེད་ཞུ།... བཀླགས་འཕྲོ...

བགྲོ་གླེང་གསལ་བསྒྲགས།

སྡེ་ཚན གསལ་བསྒྲགས། | ཟླ་ཚེས་ 16-04-2018 | ཀློག་གྲངས། 578

བློ་རིག་གསལ་ཞིང་བརྩོན་པ་ལྷོད་པ་མེད་པའི་རང་རིགས་སློབ་མ་རྣམས་ཀྱི་སྙན་ལམ་དུ། ཆེད་ཞུ། ང་ཚོས་... བཀླགས་འཕྲོ...

རྩོམ་བརྡ་གསལ་བསྒྲགས།

སྡེ་ཚན གསལ་བསྒྲགས། | ཟླ་ཚེས་ 16-04-2018 | ཀློག་གྲངས། 533

དྲི་མེད་ལྷག་བསམ་དཀར་པོའི་བ་དན་ཕྱོགས་ཀུན་གཡོ་ཞིང་ཕུལ་བྱུང་རྣམ་དཔྱོད་ཀྱི་བློ་གྲོས་རབ་ཏུ་རྒྱས... བཀླགས་འཕྲོ...

བརྡ་སྤྲོད་རིག་པའི་བགྲོ་གླེང་གས…

སྡེ་ཚན གསལ་བསྒྲགས། | ཟླ་ཚེས་ 16-04-2018 | ཀློག་གྲངས། 798

༄༅། །ཤེས་བྱའི་གནས་ལ་དུང་བ་ཟབ་ཅིང་རང་གི་སྐད་ཡིག་ལ་ཞེན་པ་དཀར་བའི་དོན་གཉེར་ཅན་གྱི་ རང་རིགས་སླ... བཀླགས་འཕྲོ...

ནགས་ལྷ་དཔེ་ཚོགས་ཀྱི་ཆེད་རྩོམ་ད…

སྡེ་ཚན གསལ་བསྒྲགས། | ཟླ་ཚེས་ 16-04-2018 | ཀློག་གྲངས། 1121

དྲི་མེད་ལྷག་བསམ་དཀར་པོའི་རང་མདངས་མངོན་པར་གསལ་ཞིང་ཕུལ་བྱུང་རྣམ་དཔྱོད་ཀྱི་སྟོབས་རྩལ་རབ་ཏུ་རྒ... བཀླགས་འཕྲོ...

རྩོམ་བསྡུའི་གསལ་བརྡ།

སྡེ་ཚན གསལ་བསྒྲགས། | ཟླ་ཚེས་ 16-04-2018 | ཀློག་གྲངས། 1021

༄༅། །དྲི་མེད་ལྷག་བསམ་དཀར་པོའི་བ་དན་ཕྱོགས་ཀུན་གཡོ་ཞིང་ཕུལ་བྱུང་རྣམ་དཔྱོད་ཀྱི་བློ་གྲོས་རབ་ཏུ... བཀླགས་འཕྲོ...