བསྟན་འཛིན་དར་རྒྱས།

བསྟན་འཛིན་དར་རྒྱས་ནི་སྤྱི་ལོ་༡༩༨༡ལོར་མདོ་སྟོད་ཤོད་ཆེན་བཅོ་བརྒྱད་ཀྱི་དབུ་རྩེ་ཁམས་ནགས་ཤོད་སྨན་ལྗོངས་ཕྱུག་མོར་སྐྱེས། ཆུང་ངུའི་དུས་ནས་འབྲི་རུ་རྫོང་བརླན་ཆུ་ཤང་སློབ་ཆུང་ལོ་རིམ་བཞི་བར་ཕྱིན། རང་གི་འདུན་པ་བཞིན་དཔལ་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་སྡེ་འགོམ་དགོན་ཆོས་འཁོར་བྱམས་པ་གླིང་དུ་ཆོས་སྒོར་ཞུགས། སྐྱབས་རྗེ་རི་དབང་དཀོན་མཆོག་བསྟན་འཛིན་རིན་པོ་ཆེའི་ཞལ་སྔ་ནས་རབ་ཏུ་བྱུང་། མཁན་སྤྲུལ་རྣམ་གཉིས་ཀྱི་བཀའ་དྲིན་ལ་བརྟེན་ནས་དཔལ་འབྲི་གུང་པའི་རིང་ལུགས་སྤྱི་དང་ཆོ་ག་ཕྱག་ལེན་འདོན་རྟ་དབྱངས་སོགས་ལ་སྦྱང་བརྩོན་གནང་། དགོན་པའི་ལས་སྣེ་འོག་མ་ནས་རིམ་བཞིན་དགེ་སྐོས་དང་དབུ་མཛད་ཁྲི་པའི་མཚན་གནས་བཅས་བཞེས། འགོམ་སོས་གཏོར་ཆེན་མོའི་སྐབས་ལ་སྲུང་མའི་གར་འཆམ་གྱི་འཆམ་དཔོན་ལོ་མང་གནང་མྱོང་། གྲུབ་དབང་དཀོན་མཆོག་ཆོས་བཟང་རིན་པོ་ཆེ་དང་ཁོང་གི་ཐུགས་སྲས་སྒྲུབ་དཔོན་དཀོན་མཆོག་བསྟན་འཛིན་འགྲོ་འདུལ་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་དྲིན་ལ་བརྟེན་ནས་ཕ་ཆོས་ཕྱག་རྒྱ་ཆེན་པོ་ལྔ་ལྡན་སྔོན་འགྲོ་ཞུ་བའི་བགོ་སྐལ་ཡང་ཐོབ། དེ་བཞིན་འགོམ་དགོན་པའི་དམངས་བདག་ཨུ་ལྷན་གྱི་ལས་སྣེ་ལོ་དྲུག་རིང་འགན་ཁུར། ལས་གནས་དངུལ་གཉེར་དང་བདག་གཉེར་ལས་ཀའང་བྱས།

༢༠༡༡ ལོར་འཕགས་ཡུལ་དུ་འབྱོར། བོད་འབངས་ཡོངས་ཀྱི་ཚེ་རབས་ལས་ཀྱི་ལྷ་སྐལ་དཔྲལ་བའི་མིག་དང་། ཁོག་པའི་སྙིང་། སྐྱབས་མགོན་ཡིད་བཞིན་ནོར་བུ། བྱམས་བརྩེའི་བདག་ཉིད། སྙིང་རྗེའི་ལྷ་མཆོག་༧གོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་བགོ་སྐལ་ཐོབ་ནས་ཞལ་རས་ཉི་མ་ལྡེ་ལྡེ། གསུང་ཆོས་བུམ་ནང་གི་བདུད་རྩི་མྱོང་མྱོང་བྱས་ནས། རང་རེ་རྒྱལ་བ་འབྲི་གུང་པའི་དོན་གྱི་བདག་པོ་༧སྐྱབས་མགོན་ཡིད་བཞིན་ནོར་བུ་ཞལ་མཇལ་དང་དབང་ལུང་གི་གདམས་པ་ཟབ་མོ་ཞུ་བའི་སྐལ་བཟང་གི་བགོ་སྐལ་ཐོབ་པ་མ་ཟད་བྱེས་ཀྱི་གདན་ས་འབྲི་གུང་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་དུ་ལོ་གཅིག་དང་ཕྱེད་ཀ་ཙམ་ཐུན་མོང་དང་ཐུན་མོང་མ་ཡིན་པ་སློབ་གཉེར་བྱས། དེ་རྗེས་༸སྐྱབས་རྗེ་གྲུབ་དབང་པདྨ་ནོར་བུའི་གདན་ས་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་མདོ་སྔགས་གཞུང་ལུགས་ཀྱི་སློབ་གཉེར་ལ་བརྩོན་མུས་དང་། སྤྱི་ལོ་༢༠༡༣ལོར་སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་དུ་༸གོང་ས་སྐྱབས་མགོན་མཆོག་གི་ཞལ་སྔ་ནས་བསྙེན་རྫོགས་ཀྱི་སྡོམ་པ་ཞུ་བའི་སྐལ་བཟང་ཐོབ་པ་དང་།

སྤྱི་ལོ་༢༠༡༦ ལོ་ནས་ནགས་ལྷ་རྩོམ་སྒྲིག་ཁང་གི་སྐབས་གསུམ་པའི་རྩོམ་སྒྲིག་པའི་ལས་ཁུར་ཐོག་ལོ་དེར་ནགས་ལྷའི་སྒྲོན་མེའི་དུས་དེབ་དང་མདོ་ཁམས་ནགས་ཤོད་འབྲི་རུའི་སློབ་མ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་གོ་སྒྲིག་བྱས་ཡོད། སྤྱི་ལོ་༢༠༡༩ ལོར་ནགས་ལྷ་རྩོམ་སྒྲིག་ཁང་དབུ་བརྙེས་ནས་ལོ་བཅུ་འཁོར་བའི་རྗེས་དྲན་སྐབས་མཛད་སྒོ་རྒྱ་ཆེན་གོ་སྒྲིག་དང་མདོ་ཁམས་ནགས་ཤོད་འབྲི་རུའི་སློབ་མ་རྣམས་བརྡ་སྤྲོད་རིག་པའི་བགྲོ་གླེང་སྐབས་བདུན་པ་གོ་སྒྲིག་བྱས་པ་དང་། སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་ལ་མདོ་འོག་མའི་མཐའ་བྲལ་སྨྲ་བའི་དབང་ཕྱུག་ཕྱག་ཁྱེར་དང་ཕར་ཕྱིན་ཕྱག་ཁྱེར་བཅས་བླངས། ད་ལྟ་མདོ་གོང་མ་སྔགས་ཀྱི་གཞུང་ལུགས་ལ་ཐོས་བསམ་བརྩོན་མུས་ཡིན། ནགས་ལྷ་རྩོམ་སྒྲིག་ཁང་གི་སྐབས་གསུམ་པའི་རྩོམ་སྒྲིག་པའི་ལས་ཁུར་ལོ་བཞི་ཡི་རིང་ལ་རྩོམ་སྒྲིག་པ་བཅས་སོ། ངོ་སྤྲོད་སྙིང་བསྡུས་སུ།

རྩོམ་སྒྲིག་པ་ཟུར་པ།

འཇམ་དབྱངས་མཁས་བཙུན།

སྡེ་ཚན། རྩོམ་སྒྲིག་པ་ཟུར་པ། | ཟླ་ཚེས་ 20-05-2020 | ཀློག་གྲངས། 61

༡༩༩༠ ལོར་འབྲི་རུ་རྫོང་དམུ་ཁྱིམ་གྲོང་དུ་སྐྱེས། ཕ་མའི་མདུན་ནས་བོད་ཡིག་སྦྱོར་ཀློག་སྦྱངས། ཨ་མའ... བཀླགས་འཕྲོ...

བསྟན་འཛིན་ལམ་བཟང་།

སྡེ་ཚན། རྩོམ་སྒྲིག་པ་ཟུར་པ། | ཟླ་ཚེས་ 14-05-2020 | ཀློག་གྲངས། 1890

འགོམ་བསྟན་འཛིན་ལམ་བཟང་ནི་ཁམས་ནགས་ཤོད་འབྲི་རུར་སྐྱེས། ཆུང་དུས་སུ་ཁྱིམ་དུ་ཨ་མྱེ་དམ་པའི་དྲུང་... བཀླགས་འཕྲོ...

བློ་བཟང་བསམ་གཏན།

སྡེ་ཚན། རྩོམ་སྒྲིག་པ་ཟུར་པ། | ཟླ་ཚེས་ 13-05-2020 | ཀློག་གྲངས། 2484

ངོ་སྤྲོད་མདོར་བསྡུས། ཕྲན་དངོས་མིང་བློ་བཟང་བསམ་གཏན་དང་སྙུག་མིང་གངས་ཆབ་བསིལ་མ་ཞེས་འབོད་ཀྱི་... བཀླགས་འཕྲོ...

ནགས་ཤོད་སྐལ་རྒྱན།

སྡེ་ཚན། རྩོམ་སྒྲིག་པ་ཟུར་པ། | ཟླ་ཚེས་ 13-05-2020 | ཀློག་གྲངས། 130

ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན་ཟུར་པ་ནགས་ཤོད་སྐལ་རྒྱན། དགེ་བཤེས་སྐལ་བཟང་རྒྱལ་མཚན་ནམ་ནགས... བཀླགས་འཕྲོ...

འབྲི་སྐལ་བཟང་།

སྡེ་ཚན། རྩོམ་སྒྲིག་པ་ཟུར་པ། | ཟླ་ཚེས་ 13-05-2020 | ཀློག་གྲངས། 1551

ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན་ཟུར་པ་འབྲི་སྐལ་བཟང་གི་ལོ་རྒྱུས་ ལས་སློབ་གཉེར་དང་ལས་ཀ་སོགས... བཀླགས་འཕྲོ...

བསྟན་འཛིན་དར་རྒྱས།

སྡེ་ཚན། རྩོམ་སྒྲིག་པ་ཟུར་པ། | ཟླ་ཚེས་ 13-05-2020 | ཀློག་གྲངས། 809

བསྟན་འཛིན་དར་རྒྱས། བསྟན་འཛིན་དར་རྒྱས་ནི་སྤྱི་ལོ་༡༩༨༡ལོར་མདོ་སྟོད་ཤོད་ཆེན་བཅོ་བརྒྱད་ཀྱི་དབ... བཀླགས་འཕྲོ...

འཇམ་དབྱངས་ཆོས་དར།

སྡེ་ཚན། རྩོམ་སྒྲིག་པ་ཟུར་པ། | ཟླ་ཚེས་ 13-05-2020 | ཀློག་གྲངས། 816

འཇམ་དབྱངས་ཆོས་དར། འཇམ་དབྱངས་ཆོས་དར་ནི་སྤྱི་ལོ་༡༩༨༡ལོར་མདོ་ཁམས་ནགས་ཤོད་འབྲི་རུ་གཡུ་སྣ་གྲོང... བཀླགས་འཕྲོ...

བློ་བཟང་ལྷུན་གྲུབ།

སྡེ་ཚན། རྩོམ་སྒྲིག་པ་ཟུར་པ། | ཟླ་ཚེས་ 13-05-2020 | ཀློག་གྲངས། 781

དང་པོ་ཞིང་འབྲོག་ལས་ཀྱི་ཉམས་མྱོང་བསགས། །གཉིས་པ་ཆོས་ཞིག་བསམ་ནས་རབ་ཏུ་བྱུང༌། །གསུམ་པ་སློབ་སྦྱ... བཀླགས་འཕྲོ...

སྐལ་བཟང་རྒྱ་མཚོ།

སྡེ་ཚན། རྩོམ་སྒྲིག་པ་ཟུར་པ། | ཟླ་ཚེས་ 16-04-2018 | ཀློག་གྲངས། 1550

 སེར་ལྷོ་སྐལ་བཟང་རྒྱ་མཚོ་འམ་ནགས་ཧ་ཧ་སྐལ་བཟང་ནི་སྤྱི་ལོ ༡༩༨༢ ལོ་མདོ་ཁམས་ནགས་ཤོད་འབྲི་རུ་བྱེ... བཀླགས་འཕྲོ...

ངག་དབང་བསྟན་པ།

སྡེ་ཚན། རྩོམ་སྒྲིག་པ་ཟུར་པ། | ཟླ་ཚེས་ 16-04-2018 | ཀློག་གྲངས། 1516

རྩོམ་སྒྲིག་པ་ཟུར་པ། སེར་ལྷོ་ངག་དབང་བསྟན་པ་ནི། སྤྱི་ལོ་ ༡༩༦༩ ལོར་ནགས་ཤོད་འབྲི་རུ་ཐ་འགོ་གྲོང... བཀླགས་འཕྲོ...

འབྲི་རུ་སྐལ་བཟང་རྒྱལ་མཚན།

སྡེ་ཚན། རྩོམ་སྒྲིག་པ་ཟུར་པ། | ཟླ་ཚེས་ 16-04-2018 | ཀློག་གྲངས། 2002

འབྲི་རུ་སྐལ་བཟང་རྒྱལ་མཚན། སྐྱེ་ཡུལ། ནགས་གཡུ་ལོ་བཀོད་རྒན་མོ་གསེར་ཁུར་གྱི་ས་ཆ་ཞེས་ཡོངས་སུ་གྲ... བཀླགས་འཕྲོ...

དཀོན་མཆོག་སྐྱབས།

སྡེ་ཚན། རྩོམ་སྒྲིག་པ་ཟུར་པ། | ཟླ་ཚེས་ 16-04-2018 | ཀློག་གྲངས། 1118

དཀོན་མཆོག་སྐྱབས། སྤྱི་ལོ་༡༩༧༦ལོར་ནགས་ཤོད་འབྲི་རུ་དབུ་ཐང་གྲོང་དུ་སྐྱེས། ཆུང་དུས་ནས་ཡུལ་མིའི... བཀླགས་འཕྲོ...