ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན་ཟུར་པ་འབྲི་སྐལ་བཟང་གི་ལོ་རྒྱུས་ ལས་སློབ་གཉེར་དང་ལས་ཀ་སོགས་ཀྱི་སྐོར། ད་ལྟའི་ལས་གནས།
རྒྱུད་སྟོད་དུས་དེབ་ཨེ་ཝཾ་རང་སྒྲ་རྩོམ་སྒྲིག་ཚོགས་མི། ༢༠༡༧ ནས་ད་ལྟ་བར། རྒྱུད་སྟོད་སྨོན་ལམ་ཚིག་མཛོད་ ལས་འཆར་གྱི་རྩོམ་སྒྲིག་ཚོགས་མི། ༢༠༡༦ ནས་ད་ལྟ་བར། ནགས་ལྷ་གནའ་དེང་རིག་པའི་ཆ་འཕྲི ན་དྲ་བརྙན་གྱི་སློབ་སྟོན་པ། ༢༠༡༦ ནས་ད་ལྟ་བར། དགའ་ཤར་དུས་དེབ་གནའ་དེང་ཚན་རིག་གི་ཟེ་མ་ཞེས་པའི་རྩོམ་སྒྲིག་ཚོ་མི་དང་ཐ་མའི་ཞུ་དག་པ། ༢༠༡༥ ནས་ད་ལྟ་བར། དགའ་ཤར་ཚན་རིག་སྡེ་ཚན་གྱི་དྲུང་ཆེ། ༢༠༡༥ ནས་ད་ལྟ་བར། ནགས་ལྷ་གནའ་དེང་ཟུང་གི་རིག་གཞུ ང་འཛིན་སྐྱོང་དྲ་མཛོད་ཀྱི་འཛིན་ སྐྱོང་བ། ༢༠༡༢ ནས་ད་ལྟ་བར།
ནགས་ལྷ་རྩོམ་སྒྲིག་ཁང་གི་འགན་འཛིན། ༢༠༠༩ ནས་ད་ལྟ་བར། ནགས་ལྷའི་སྒྲོན་མེ་ཞེས་པའི་དུས་ དེབ་ཀྱི་རྩོམ་སྒྲིག་འགན་འཁུར་བ། ༢༠༠༩ ནས་ད་ལྟ་བར། གཞུང་ཆེན་ཁག་ལ་ཐོས་བསམ་བྱེད་པའི་སྐོར། ༢༠༡༦ - ༢༠༡༧ བར་རྒྱུད་ལ་ཞུགས་ནས་གསང་སྔགས་ལ་ སྦྱངས། ༢༠༡༥ ལོར་དགེ་བཤེས་ཀྱི་དམ་བཅའ་བཞག ༢༠༡༤ ལོར་རབ་འབྱམས་པའི་བཤད་ཆེན་དང་བཤད་ཆུང་གྲུབ། ༢༠༠༧ ལོར་འདུལ་བ་རབ་འབྱམས་པ་ཐོན། ༢༠༠༥ ལོར་མངོན་པ་རབ་འབྱམས་པ་ཐོན། ༢༠༠༣ དབུ་མ་རབ་འབྱམས་པ་ཐོན། ༢༠༠༢ དགའ་ལྡན་ཚོགས་ཆེན་དུ་དབུ་མ་ཚོགས་ལངས་ཀྱི་གོ་སྐབས་ཐོབ། ༢༠༠༠ ལོར་ཕར་ཕྱིན་རབ་འབྱམས་པ་ཐོན།
༡༩༩༧ ལོར་གྲྭ་ཚང་དུ་ཕར་ཕྱིན་ཚོགས་ལངས་ཀྱི་གོ་སྐབས་ཐོབ། ༡༩༩༥ ལོར་ཚད་མ་རབ་འབྱམས་པ་ཐོན། ༡༩༩༢ ལོར་དགའ་ཤར་གྲྭ་ཚང་དུ་ཞུགས། བསྡུས་གྲྭ་ནས་རིམ་བཞིན་སྦྱངས། རིག་གནས་སོགས་གཞན་ལ་སྦྱ ངས་བའི་སྐོར། ༡༩༩༦ - ༡༩༩༧ སོགས་ལ་སི་ཏུའི་འགྲེལ་ཆེན་གྱི་ ཐོག་ནས་སུམ་རྟགས་སླར་ཡང་སྦྱངས། ༡༩༩༥ - ༡༩༩༦བར་ཚངས་སྲས་བཞད་སྒྲ་སོགས་སྙ ན་གཞུང་ཁག་སྦྱངས། ༡༩༩༡ ལོར་མངོན་བརྗོད་དང་སྔགས་ཡིག་བཀླག་ཐབས་སོགས་སྦྱངས། མཆོད་རྟེན་ཆ་བརྒྱད་ཀྱི་ཐིག་དང་གཟུངས་སྒྲུབ། ས་བདག་ལྟོ་འཕྱེའི་ཐིག་དང་སྐོར་ཕྱོགས་སོགས་ཞིབ་ཏུ་སྦྱངས། ༡༩༩༠ ལོར་སུམ་ཅུ་པ་དང་རྟགས་འཇུག་སོགས་སྦྱངས། ༡༩༨༧ ལོར་རབ་བརྟན་དགོན་དུ་ཞུགས། གསང་བདེ་འཇིགས་གསུམ། ཀུན་རིག་དང་ཆོས་སྤྱོད་སོགས་དགོ ན་དེའི་ཆོ་ག་ཕྱག་ལེན། ཐིག་རྡུལ་ཚོན། འདོན་རྟ་དབྱངས། འཆམ་དང་བཅའ་གཤོམ་སོགས་རིམ་བཞིན་སྦྱངས།
ལག་ཁྱེར་དང་གཟེངས་རྟགས་ཐོབ་རིགས། ༢༠༡༦ ལོར་གསང་ཆེན་སྟོད་རྒྱུད་གྲྭ་ཚང་ནས་ལོ་འཁོར་ཆོས་ཐོག་དང་འཆད་ཉན་ཟིན་པའི་ལག་ཁྱེར་ཐོབ། ༢༠༡༥ ལོར་དགའ་ཤར་གྲྭ་ཚང་གི་དགེ་བཤེས་ཀྱི་ལག་ཁྱེར་ཐོབ། ༢༠༡༥ དགའ་ཤར་གྲྭ་ཚང་གི་སློབ་དགེ་དང་དཔེ་དེབ་ཕྱོགས་སྒྲིག་གི་ལས་ཀ་བྱས་པར་སྲི་ཞུ་ཕུལ་བྱུང་གི་གཟེངས་བསྟོད་ཁྱེར་ཐོབ། ༢༠༡༢ ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་ཨ་རིའི་ཨེ་ མོ་རི་དང་བོད་ཀྱི་དཔེ་མཛོད་ཁང་ཟུང་འབྲེལ་གྱི་སྒོ་ནས་ལོ་ལྔའི་འཆར་ གཞི་ཅན་གྱི་ཚན་རིག་སློབ་ཐོན་གྱི་ལག་ཁྱེར་ཐོབ། ༢༠༡༠ ལོར་ཚན་རིག་སྣེ་ཁྲིད་སློབ་ ཐོན་པ་ཞེས་འཁོད་པའི་ལག་ཁྱེར་ཐོབ། ༢༠༠༧ ལོར་དགའ་ཤར་གྲྭ་ཚང་གི་འཛིན་རིམ་རྣམས་ཐོན་པའི་ལག་ཁྱེར་རིམ་བཞིན་ ཐོབ་ནས་གྲྭ་ཚང་གི་འཛིན་རིམ་ཐ་མའི་ལག་ཁྱེར་ཐོབ། ༢༠༠༦ མོན་གྷོ་སློབ་གྲྭ་དབུས་མའི་འཛིན་རིམ་བཅུ་གཅིག་དང་བཅུ་གཉིས་བཅས་ལ་བོད་ཡིག་སློབ་ཁྲིད་ལོ་གཅིག་བྱས་པས་ལེགས་སོའི་གཟེངས་བསྟོད་ཐོབ། ༢༠༠༥ ལོར་ཚན་རིག་ལ་མཁས་པའི་ཤཱཀྱ འི་དགེ་སྦྱོང་ཞེས་འཁོད་པའི་ལག་ཁྱེར་ཐོབ།
བགྲོ་གླེང་དང་ཟབ་སྦྱོང་ལ་ཕྱིན་རིགས། ༢༠༡༦ ལོར་འབྲས་སྤུངས་སུ་ཨེ་མོ་རི་དང་བོད་ཀྱི་དཔེ་མཛོད་ཁང་གིས་གོ་སྒྲིག་བྱས་པའི་བགྲོ་གླེང་ལ་ཕྱིན། ༢༠༠༧ - ༢༠༡༢ བར་ལོ་ལྔའི་རིང་ལོ་རེར་ཟླ་བ་རེ་ཨེ་མོ་རི་དང་བོད་ཀྱི་དཔེ་མཛོད་ཟུང་འབྲེལ་གྱིས་གོ་སྒྲིག་བྱས་པའི་ཚན་རིག་ཟབ་སྦྱོང་ལ་ཕྱིན། ༢༠༠༦ - ༢༠༡༠ བར་ལོ་ལྔའི་རིང་ལོ་རེར་ཟླ་བ་རེ་ཚན་རིག་སྣེ་ཁྲིད་ཟབ་སྦྱོང་ལ་ཕྱིན། ༢༠༠༤ ལོར་༸གོང་ས་མཆོག་དབུ་བཞུགས་ཐོག་ལུས་དང་སེམས་ཞེས་པའི་བགྲོ་གླེང་ལ་ཕྱིན། ཝ་ཎ་མཐོ་སློབ་ཏུ༌༧གོང་ས་མཆོག་དབུ་བཞུགས་ཀྱི་བགྲོ་གླེང་ལ་ཕྱིན། ༢༠༠༡ - ༢༠༠༥ བར་ལོ་ལྔའི་རིང་ལོ་རེར་ཟླ་བ་རེ་ཚན་རིག་གི་ཟབ་སྦྱོང་ལ་ཕྱིན།
བགྲོ་གླེང་དང་ཟབ་སྦྱོང་སོགས་གོ་སྒྲིག་ཞུས་རིགས། ༢༠༡༦ ལོར་ནགས་ཤོད་འབྲི་རུའི་སློབ་མ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་ལྔ་པ་དང་སྤྱི་ཚོགས་ཤེས་བྱའི་ཟབ་སྦྱོང་ཐེངས་གཉིས་པ་བཅས་ཀྱི་གོ་སྒྲིག་འགན་འཁུར་བ་བྱས། ༢༠༡༦ དགའ་ལྡན་ཤར་བྱང་གཉིས་ཀྱི་དབྱར་དུས་ཚན་རིག་ཟབ་སྦྱོང་ཆེན་མོ་ཐེ ངས་གཉིས་པའི་གོ་སྒྲིག་ཚོགས་མི་བྱས། ༢༠༡༥ ལོར་ནགས་ཤོད་འབྲི་རུའི་སློབ་མ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་བཞི་པ་དང་སྤྱི་ཚོགས་ཤེས་བྱའི་ཟབ་སྦྱོང་ཐེངས་དང་པོ་བཅས་ཀྱི་གོ་སྒྲིག་འགན་འཁུར་བ་བྱས། ༢༠༡༤ ལོར་ནགས་ཤོད་འབྲི་རུའི་སློབ་མ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་གསུམ་པའི་གོ་སྒྲིག་འགན་འཁུར་བ་བྱས། ༢༠༡༤ དགའ་ལྡན་ཤར་བྱང་གཉིས་ཀྱི་དབྱར་དུས་ཚན་རིག་ཟབ་སྦྱོང་ཆེན་མོ་ཐེངས་དང་པོའི་གོ་སྒྲིག་ཚོགས་མི་བྱས། ༢༠༡༣ ལོར་ནགས་ཤོད་འབྲི་རུའི་སློབ་མ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་གཉིས་པའི་གོ་སྒྲིག་འགན་འཁུར་བ་བྱས། ༢༠༡༣ སྙན་ངག་འགྲན་རྩོམ་ཆེན་མོའི་གོ་སྒྲིག་འགན་འཁུར་བ་བྱས། ༢༠༡༢ ལོར་ནགས་ཤོད་འབྲི་རུའི་སློབ་མ་རྣམས་ཀྱི་བརྡ་སྤྲོད་རིག་པའི་བགྲོ་གླེང་ཐེངས་དང་པོའི་གོ་སྒྲིག་འགན་འཁུར་བ་བྱས།
ཞུ་དག་བྱས་པ། ༢༠༡༥ ལོར་༸གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དྲིན་རྗེས་སུ་དྲན་པའི་བསྟོད་དབྱངས་དད་པའི་མཆོད་སྤྲིན་གྱི་ཞུ་དག་པ་བྱས། གྱ་སྟོན་ཆེད་དེབ། ནགས་ལྷ་དཔེ་ཚོགས། དེབ་ཕྲེང་དང་པོ། ནགས་ལྷ་རྩོམ་སྒྲིག་ཁང་། ༢༠༠༥ ལོར་དགའ་ཤར་གྲྭ་ཚང་གི་སློབ་དེབ་ཕྱོགས་སྒྲིག་སྐབས་ཀྱི་ཞུ་དག་པ་བྱས། ༢༠༠༤ དགའ་ཤར་དཔེ་མཛོད་ཁང་དུ་པཎ་ཆེན་ཡིག་ཆ་ཁག་ཅིག་དཔར་སྐྲུན་སྐབས་ཞུ་དག་པ་བྱས། ༡༩༩༨ ལོར་དཔལ་འཁོར་ལོ་སྡོམ་པའི་དཀྱིལ་ཆོག་འདོན་སྒྲིག་སྐབས་ཞུ་སྒྲིག་པ་བྱས།
རྩོམ་སྒྲིག་བྱས་པ་ཁག ༢༠༡༧ ལོར་ནགས་ལྷའི་སྒྲོན་མེ་དེབ་ཕྲེ ང་དགུ་པའི་རྩོམ་སྒྲིག་འགན་འཁུར་བ་བྱས།
༢༠༡༧ ལོར་རྒྱུད་སྟོད་དུས་དེབ་ཨེ་ཝཾ་རང་སྒྲ་ཞེས་པའི་རྩོམ་སྒྲིག་ཚོ གས་མི་བྱས། ༢༠༡༧ ལོར་དགའ་ཤར་ཚན་རིག་དུས་དེབ་གནའ་དེང་ཚན་རིག་གི་ཟེགས་མ་འདོན་ཐེངས་གཉིས་པའི་རྩོམ་སྒྲིག་ཚོགས་མི་བྱས། ༢༠༡༦ ལོར་ནགས་ལྷའི་སྒྲོན་མེ་དེབ་ཕྲེང་བརྒྱད་པའི་རྩོམ་སྒྲིག་འགན་འཁུར་བ་བྱས། ༢༠༡༦ ལོར་དགའ་ཤར་ཚན་རིག་དུས་དེབ་གནའ་དེང་ཚན་རིག་གི་ཟེགས་མ་འདོན་ཐེངས་དང་པོའི་རྩོམ་སྒྲིག་ཚོགས་མི་བྱས། ༢༠༡༥ ལོར་སྦྲ་སོག་འབྲི་གསུམ་དུས་དེབ་ཀྱི་རྩོམ་སྒྲིག་ཚོགས་མི་བྱས།
༢༠༡༥ ལོར་ནགས་ལྷའི་སྒྲོན་མེ་དེབ་ཕྲེང་བདུན་པའི་རྩོམ་སྒྲིག་འགན་འཁུར་བ་བྱས།
༢༠༡༤ ལོར་ནགས་ལྷའི་སྒྲོན་མེ་དེབ་ཕྲེ ང་དྲུག་པའི་རྩོམ་སྒྲིག་འགན་འཁུར་བ་བྱས།
༢༠༡༣ ལོར་ནགས་ལྷའི་སྒྲོན་མེ་དེབ་ཕྲེ ང་ལྔ་པའི་རྩོམ་སྒྲིག་འགན་འཁུར་བ་བྱས།
༢༠༡༢ ལོར་དགའ་ཤར་གྲྭ་ཚང་གི་སྒྲིག་གཞི ་ཐུབ་བསྟན་མཛེས་རྒྱན་གྱི་རྩོམ་སྒྲིག་པ་བྱས།
༢༠༡༢ ལོར་ནགས་ལྷའི་སྒྲོན་མེ་དེབ་ཕྲེ ང་བཞི་པའི་རྩོམ་སྒྲིག་འགན་འཁུར་བ་བྱས།
༢༠༡༡ ལོར་ནགས་ལྷའི་སྒྲོན་མེ་དེབ་ཕྲེ ང་གསུམ་པའི་རྩོམ་སྒྲིག་འགན་འཁུར་བ་བྱས།
༢༠༡༠ ལོར་ནགས་ལྷའི་སྒྲོན་མེ་དེབ་ཕྲེ ང་གཉིས་པའི་རྩོམ་སྒྲིག་འགན་འཁུར་བ་བྱས།
- སྔོན་མ
- རྗེས་མ >>